འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཁུ་ལུའི་འཁལ་འཐག་དང་རྡོ་རྗེ་ཚེ་རིང་གི་དབུལ་སྒྲོལ་འདུན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    “གཡག”ནོར་ཁུལ་ལག་ཤེས་བཟོ་རྩལ་གྱི་ལས་དོན་ཁང་དུ།
    “གཡག”ནོར་ཁུལ་ལག་ཤེས་བཟོ་རྩལ་གྱི་ལས་དོན་ཁང་དུ།
           མི་དམངས་དྲ་བའི་འཕྲིན། “ངའི་འཚར་ལོངས་ནི་འབྲི་གཡག་དང་ཁ་འབྲལ་ཐབས་མེད་ལ་ད་ཆའི་ལས་ཀ་འབྲི་གཡག་དང་དེ་བས་ཁ་འབྲལ་ཐབས་མེད”
          ལོ་36ལ་སླེབས་པའི་རྡོ་རྗེ་ཚེ་རིང་ནི་ནོར་གྱི་ཁུ་ལུའི་སྤུས་རྟགས“གཡག”ཞེས་པ་གཏོད་མཁན་དེ། “སྤུས་རྟགས་དེས་ང་དང་འབྲི་གཡག་དམ་པོར་སྦྲེལ་ལ་འབྲི་གཡག་ལ་བཅངས་པའི་བརྩེ་བ་ཡང་མཚོན་གྱི་ཡོད”ཅེས་རྡོ་རྗེ་ཚེ་རིང་གིས་བཤད།
          རྡོ་རྗེ་ཚེ་རིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་སྐྱེས་པ་དང་ཆུང་དུས་ནས་འབྲི་གཡག་འཚོས་ནས་འཚར་ལོངས་བྱུང་། “འབྲི་གཡག་གི་ལུས་པོ་ཚང་མ་ནོར་ཡིན། ཤ་དང་། ཀོ་ལྤགས། ཁུ་ལུ་བཅས་དང་ཐ་ན་ལྕི་བ་ཡང་འབྲི་གཡག་ལུས་ཐོག་གི་ནོར་བུ་ཡིན། འབྲི་གཡག་གི་བཀའ་དྲིན་འོག་ང་ཚོ་ནང་ཚང་གཅིག་གི་ལྟོ་གོས་སྣང་དག་མ་བྱུང་”ཞེས་རྡོ་རྗེ་ཚེ་རིང་གིས་བཤད།
          2014ལོར་སློབ་ཆེན་ཐོན་ནས་ཕྱིར་ལས་ཀ་ལོ་6བྱས་རྗེས། ཁོང་ལ་གཞི་ནས་ཕ་ཡུལ་དུ་བྱ་གཞག་གསར་གཏོད་བྱ་རྒྱུའི་བསམ་པ་བྱུང་། ཁོང་གིས་རྐང་ཚ་རྫོང་དུ་དབུལ་སྐྱོར་ཐོན་ལས་དཔེ་སྟོན་གླིང་བཙུགས་པ་ཐོས་པ་མ་ཐག་ས་གནས་དེ་གའི་གཞོན་ནུར་ལས་གཏོད་བྱ་རྒྱུའི་སྐུལ་ལྕག་བྱས། ཕ་ཡུལ་དུ་ལོག་པའི་རྡོ་རྗེ་ཚེ་རིང་གིས་ཉིན་20ཡི་དུས་ཚོད་ནང་ཐོ་འགོད་འགྲོ་ལུགས་ཁག་གཉེར་ནས་དབུལ་སྐྱོར་ཐོན་ལས་གླིང་དུ་བདེ་བླག་ངང་ཞུགས་པ་རེད།
          ས་གནས་དེ་གའི་སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་འོག་རྡོ་རྗེ་ཚེ་རིང་གིས་ཁུ་ལུ་ཤད་པའི་འཕྲུལ་ཆས་དང་པོ་དེ་ཉོས་པ་དང་འོན་ཀྱང་ཁུ་ལུ་ཉོ་སྒྲུབ་ཐད་ཁོང་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་པ་སྟེ། ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་ཁུ་ལུར་དཔལ་འབྱོར་གྱི་རིན་ཐང་ཡོད་པར་ཡིད་མ་ཆེས་པས་ཁུ་ལུ་ཉོ་སྒྲུབ་དེ་རྙོག་འཛིང་ཆེ་བའི་ལས་ལ་གྱུར། རྡོ་རྗེ་ཚེ་རིང་གིས་དུད་ཚང་རེ་རེ་བྱས་ནས་འབྲོག་པར་ཁུ་ལུའི་རིན་ཐང་འགྲེལ་བཤད་བརྒྱབ། མི་ལ་བརྩོན་འགྲུས་ཡོད་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་བཞིན་རྡོ་རྗེ་ཚེ་རིང་གི་འབད་བརྩོན་འོག་ས་གནས་དེ་གའི་འབྲོག་པས་ཁུ་ལུའི་དཔལ་འབྱོར་རིན་ཐང་ཤེས། ད་ཆ་ཁུ་ལུ་སྤྱི་རྒྱ་གཅིག་གི་རིན་གོང་དེ་སྔའི་སྒོར་10ནས་སྒོར་50བར་འཕར་བས་འབྲོག་པའི་ཁུ་ལུ་བསྡུ་རུབ་ཀྱི་བརྩོན་སེམས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། མངག་ཉོ་མང་དུ་སོང་རྗེས་རྐང་ཚ་རྫོང་དབུལ་སྐྱོར་ཅུས་ཀྱི་རོགས་རམ་འོག་རྡོ་རྗེ་ཚེ་རིང་གིས་དབུལ་སྐྱོར་འཕེལ་རྒྱས་མ་དངུལ་སྒོར་ཁྲི་70རེ་ཞུ་བྱས་ནས་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་བཏང་སྟེ་ས་གནས་དེ་གའི་དཀའ་ངལ་ཡོད་པའི་འབྲོག་པར་ལས་གནས་མཁོ་འདོན་བྱས་ཁར་ད་དུང་སི་ཁྲོན་དང་ཀན་སུའུ་སོགས་ནས་ཡོང་བའི་འབྲོག་པར་ཁུ་ལུ་ཐོན་སྐྱེད་ཀྱི་འབྲེལ་ཡོད་གསོ་སྦྱོང་སློབ་ཚན་ཁྲིད་པ་རེད།
          མིག་སྔར“གཡག”ནོར་ཁུལ་རྒྱལ་ནང་གི་འབྲེལ་ཡོད་ལས་རིགས་ལ་མཁོ་འདོན་བྱས་པ་མ་ཟད། ད་དུང་དབྱིན་ཇི་དང་། དབྱི་ཐ་ལི། ནེའུ་ཙི་ལན་སོགས་རྒྱལ་ཁབ་ཀྱི་འཁལ་འཐག་ཁེ་ལས་ལ་ཡང་འཚོང་གི་ཡོད། རྡོ་རྗེ་ཚེ་རིང་གི་དམིགས་ཡུལ་ནི་ཁུ་ལུའི་ལས་སྣོན་ལག་རྩལ་བོད་རིགས་ས་ཁུལ་ཡོངས་ལ་ཁྱབ་གདལ་གཏོང་རྒྱུ་དེ་ཡིན། “ང་ཚོས་འབྲི་གཡག་གི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཚེ། འབྲོག་པ་མང་ཚོགས་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བའི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱེད་ཐུབ”རྩྭ་ཐང་གི་ཕྱོགས་གང་ས་ནས་ཡོང་བའི་ཁུ་ལུ་དེ་འབྲོག་པ་མང་ཚོགས་ཀྱི་དབུལ་སྒྲོལ་གྱི་རེ་བ་རེ་རེ་བཞིན་མངོན་འགྱུར་ཐུབ་རྒྱུ་རེད།
    ཟླ་5ཚེས་23ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་རྩྭ་ཐང་དུ་རྡོ་རྗེ་ཚེ་རིང(གཡས)གིས་ས་གནས་དེ་གའི་འབྲོག་པ་དང་ནོར་གྱི་ཁུ་ལུའི་ཉོ་སྒྲུབ་འཆར་གཞིར་གྲོས་བསྡུར་བྱེད་བཞིན་པ།
    ཟླ་5ཚེས་23ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་རྩྭ་ཐང་དུ་རྡོ་རྗེ་ཚེ་རིང(གཡས)གིས་ས་གནས་དེ་གའི་འབྲོག་པ་དང་ནོར་གྱི་ཁུ་ལུའི་ཉོ་སྒྲུབ་འཆར་གཞིར་གྲོས་བསྡུར་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།