འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་ཀྲུང་གོའི(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་05ཉིན། 08:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།2018ལོའི་ཀྲུང་གོའི(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་2ཉིན། 2018ལོའི་ཀྲུང་གོའི(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་འགོ་ཚུགས་ཡོད། ད་ཐེངས་ཀྱི་འགྲེམས་ཚོགས་དེས"ལྗང་མདོག་ས་གདན་གྱི་འཇིག་རྟེན་འཐག་ནས‘རྒྱུད་གཅིག་ལམ་གཅིག’གི་ཟམ་པ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། འགྲེམས་ཚོགས་སུ་ཁྱོན་བསྡོམས་འགྲེམས་གནས་2000བཙུགས་ཡོད། གཙོ་བོ་རྒྱལ་ཁབ་ཕྱི་ནང་གི་གནའ་བོའི་རུམ་དང་། རྒྱལ་ཁབ་ཁག་གི་མཐོ་འབྲིང་ལག་འཐག་དང་འཕྲུལ་འཐག་ས་གདན། རྒྱལ་ཁབ་ཁག་གི་ཁོར་ཡུག་སྲུང་སྐྱོང་དང་སྤུས་ལེགས་ས་གདན། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་ཁག་གི་བོད་རུམ་གྱི་རིག་གནས་དང་དེ་བཞིན་ས་གདན་རི་མོ་བཟོ་བཀོད་འགྲེམས་སྟོན་བྱས་ཡོད། མིག་སྔའི་བར་དུ་ད་ཐེངས་ཀྱི་འགྲེམས་ཚོགས་སུ་རྒྱལ་ཁབ་དང་ས་ཁུལ་34ནས་ཡོང་བའི་ཁེ་ལས་243དང་། རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་དེ་བཞིན་ཀང་ཨའོ་ཐའེ་བཅས་ས་ཁུལ་31གྱི་ཁེ་ལས་400ཙམ་འགྲེམས་ཚོགས་ནང་ཞུགས་པའི་མིང་ཐོ་བཀོད་ཡོད། དྲ་ཐོག་དྲ་འོག་ཏུ་འགྲེམས་ཚོགས་ལ་དོ་ཁུར་བྱ་མཁན་གྱི་ཚོང་པ་དང་ལྟད་མོ་བ་སྔོན་དཔག་གི་ཁྲི་30ལས་བརྒལ་ཡོད་པ་རེད།
         ཀྲུང་གོའི( མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་ནི་ལོ་ངོ་15ཡི་འཕེལ་རྒྱས་བརྒྱུད་ཡོད་པས། རྒྱལ་སྤྱིའི་ཆེད་ལས་སྤུས་རྟགས་འགྲེམས་སྟོན་ཞིག་ཏུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གྱིས་འགྲེམས་ཚོགས་དེ་དར་གོས་ལམ་བུའི་ཐོག་གི་གྲགས་ཆེ་བའི་སྤུས་རྟགས་དང་ནམ་ཡང་ཉམས་མེད་ཀྱི་བོད་རུམ་འགྲེམས་ཚོགས་ཤིག་གཏོད་རྒྱུར་འབད་བརྩོན་ཆེན་པོ་བྱ་རྒྱུ་ཡིན་པ་རེད།
    【1】  【2】  【3】
    ༄༅།།2018ལོའི་ཀྲུང་གོའི(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།