འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་མཁའ་འགྲུལ་མཐུན་ཚོགས་ཀྱིས་འདི་ལོ་གོ་ལ་ཧྲིལ་པོའི་མཁའ་འགྲུལ་ལས་རིགས་
    ལ་ཁེ་སྤོགས་གཙང་མ་ཨ་སྒོར་དུང་ཕྱུར་338ཟིན་རྒྱུ་རེད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྤྱིའི་མཁའ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་ཀྱིས་སྤྱིར་ན་མ་གནས་འཕར་བའི་དཀའ་ངལ་འཕྲད་ཀྱང་2018ལོའི་གོ་ལ་ཧྲིལ་པོའི་མཁའ་འགྲུལ་ཀུང་སིའི་ཁེ་སྤོགས་བརྟན་པོ་ཡོད་པས། སྔོན་དཔག་ལྟར་ན་ཁེ་སྤོགས་གཙང་མ་ཨ་སྒོར་དུང་ཕྱུར་338ཟིན་རྒྱུ་རེད་ཅེས་བརྗོད་པ་རེད།
         ཉིན་དེར་ཤིས་ཉི་རུ་འཚོགས་པའི་རྒྱལ་སྤྱིའི་མཁའ་འགྲུལ་མཐུན་ཚོགས་ཀྱི་ལོ་ཚོགས་སྐབས་74པའི་ཐོག་རྒྱལ་སྤྱིའི་མཁའ་འགྲུལ་མཐུན་ཚོགས་ཀྱི་ལས་འཛིན་དཔོན་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཡ་ལི་ཧྲན་ཏ·ཏེ·ཀྲུའུ་ཉི་ཡ་ཁེས་2010ལོའི་ཉམས་ཞན་དུ་འགྲོ་བའི་དུས་ནས་བཟུང་མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཁེ་སྤོགས་གནས་ཚུལ་རྒྱུན་མཐུད་ངང་ལེགས་སུ་སོང་བ་དང“2018ལོའི་ལས་རིགས་ཀྱི་ཁེ་སྤོགས་སྔར་བཞིན་བརྟན་པོ་ཡོད”ཅེས་བརྗོད།
         ཀྲུའུ་ཉི་ཡ་ཁེས། མཁའ་འགྲུལ་ཀུང་སིར་སྣུམ་དང་ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་འཕར་བའི་དཀའ་ངལ་གཉིས་མཉམ་དུ་འཕྲད་ཡོད་ལ་འདི་ལོའི་ལོ་ཧྲིལ་པོའི་རྩིས་གཞིའི་མ་གནས་5.2%འཕར་རྒྱུ་དེ་ན་ནིང་ལས་འཕར་ཚད་མངོན་གསལ་དོད་པོས་1.2%ཀྱིས་མཐོ་བ་ཡོད། འོན་ཀྱང་འགྲུལ་སྐྱེལ་དང་ཟོག་སྐྱེལ་གྱི་དགོས་མཁོའི་འཕར་ཚད་སྔོན་དཔག་ལས་མཐོ་བ་ཡོད་པས་མ་གནས་འཕར་བའི་དཀའ་ངལ་མེད་པར་འགྱུར་ཡོད། སྔོན་དཔག་ལྟར་ན་2018ལོའི་མཁའ་འགྲུལ་ལས་རིགས་ཀྱི་སྤྱིའི་ཡོང་འབབ་ཨ་སྒོར་དུང་ཕྱུར་8340བར་འཕར་ནས་2017ལོ་དང་བསྡུར་ན་10.7%འཕར་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།