འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་རྟ་རྣ་དགོན་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་05ཉིན། 08:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་རྟ་རྣ་དགོན་པར་བསྐྱོད་པ།
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཤར་ལྷོའི་རྒྱུད་ཀྱི་ནང་ཆེན་རྫོང་གྲོང་ནས་ཐོན་ཏེ། རན་རྫ་རོང་ཆེན་བརྒྱུད་ནས་ལང་ལོང་དུ་རྒྱུག་པའི་སྐྱིད་ཆུ་དེད་ནས་ནུབ་ཕྱོགས་སུ་རླངས་འཁོར་བསྡད་དེ་དུས་ཚོད་བཞི་ལྷག་ཙམ་སོང་རྗེས། གསར་འགོད་པ་རྟ་རྣ་དགོན་དུ་འབྱོར་བ་དང་དགོན་དེ་ནི་ཀྲུང་གོའི་བོད་ཁུལ་གྱི་ལོ་རྒྱུས་ཆེས་རིང་བའི་གེ་སར་གླིང་གི་དགོན་པ་ཞིག་ཡིན།
          རྟ་རྣ་དགོན་ནི་བོད་ཁུལ་དུ་སྐད་གྲགས་ཆེ་བ་དང་། གླིང་སྒྲུང་འབྲེལ་བ་དམ་པོ་ཡོད་ལ་རྟ་རྣ་དགོན་དུ་གླིང་སྒྲུང་དང་འབྲེལ་བ་ཡོད་པའི་རིག་དངོས་དང་གནའ་ཤུལ་མི་ཉུང་བ་ཞིག་ཉར་ཚགས་བྱས་ཡོད་པས། "གླིང་དགོན་ཆེན"ཞེས་ཀྱང་འབོད། རིག་དངོས་དང་རྗེས་ཤུལ་འདི་དག་གིས་རྟ་རྣ་དགོན་ལ་ངོ་མཚར་ཅན་གྱི་རྣམ་པ་བསྐྲུན་ཡོད།
    【1】  【2】  【3】
    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་རྟ་རྣ་དགོན་པར་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།