འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱར་རྩྭ་དགུན་འབུ་ནི་འདི་ལྟར་སྔོག་འཐུ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དབྱར་རྩྭ་དགུན་འབུ་ནི་འདི་ལྟར་སྔོག་འཐུ་བྱེད་པ།
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཅལ་ཏའ་ཤང་ནི་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་900ལྷག་ཙམ་ཡོད་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་ཡོད། གྲོང་ཚོ་ཧྲིལ་པོ་ས་མ་འབྲོག་ཡིན། དེ་དང་དུས་མཚུངས་སུ་ལོ་གཅིག་དུས་གཅིག་གི་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱ་རྒྱུ་ནི་གྲོང་མི་ཚོའི་དཔལ་འབྱོར་ཡོང་ཁུངས་གཙོ་བོའི་གྲས་ཤིག་ཡིན། དབྱར་རྩྭ་དགུན་འབུ་སྐྱེས་སའི་ཁོར་ཡུག་ལ་ཆ་རྐྱེན་ཧ་ཅང་མཐོ་པོ་ཡོད་པར་བརྟེན་སྔོག་འཐུའི་དུས་ཡུན་ཐུང་ངུ་ཡིན། ས་གནས་དེར་ལོ་ལྟར་སྔོག་འཐུའི་དུས་ཚོད་ཉིན་15མ་གཏོགས་མེད། དེའི་རིང་གྲོང་མིས་ཆ་སྙོམས་མི་རེས་ཉིན་རེར་རྐང་12ཡས་མས་འཐུ་ཐུབ་ཀྱི་ཡོད། འདི་གཅིག་པོར་བརྟེན་ནས་ངལ་རྩོལ་ནུས་ཤུགས་མང་བའི་ཁྱིམ་ཚང་ལ་ལོ་རེར་ཆེས་མཐོ་ཤོས་ཡོང་འབབ་སྒོར་ཁྲི་8ཡས་མས་ཡོང་བ་དང་། ངལ་རྩོལ་ནུས་ཤུགས་ཞན་པའི་ཁྱིམ་ཚང་ལ་ཡང་ཡོང་འབབ་སྒོར་ཁྲི་3ཡོང་གི་ཡོད། གོང་གི་པར་རིས་ནི་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པའི་ཉིན་དེར་གྲོང་ཚོ་ཡོངས་ཀྱི་ཚོགས་འདུ་འཚོགས་ནས་གྲ་སྒྲིག་བྱེད་བཞིན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    གྲོང་མི་ཚོ་སྔོག་འཐུའི་ས་ཚིགས་སུ་སླེབས་ནས་སྟབས་བདེའི་སྒར་ས་འཛུགས་འགོ་བརྩམས་པ།
    གྲོང་མི་ཚོ་སྔོག་འཐུའི་ས་ཚིགས་སུ་སླེབས་ནས་སྟབས་བདེའི་སྒར་ས་འཛུགས་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།