འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་བཞི་མཚམས་བརྒྱད་ལ་གཞུང་ལམ་ཤར་གཏོང་ཐུབ་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཧོ་པེའི་ཧྲེ་རྫོང་ནི་ཧན་ཏན་གྲོང་ཁྱེར་གྱི་རི་ཁུལ་གྱི་རྫོང་གཅིག་པུ་དེ་ཡིན་པ་དང་རྫོང་དེའི་80%ཙམ་རི་ལམ་ཡིན་པ་དང་། རྙོག་འཛིང་ཆེ་བའི་ས་ཁམས་ཁོར་ཡུག་གིས་དེ་སྔོན་གྲོང་གསེབ་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཚོད་འཛིན་ཚབས་ཆེན་ཕོག་ནས་ས་ཆ་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་འགལ་རྐྱེན་ཆེན་པོ་བཟོས་ཡོད།
          ཉེ་བའི་ལོ་ཤས་རིང་། ཧྲེ་རྫོང་གིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་དེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། དབུལ་སྐྱོར་འགག་སྒྲོལ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“གཞུང་གསུམ་འཕྲེད་དགུ་ལམ་ཐིག་བཅོ་བརྒྱད”ཀྱི་ཡན་ལག་ལམ་བུའི་གཞུང་ལམ་སྒྲོམ་གཞི་བསྐྲུན་ཡོད། ད་ཆ་གཞུང་ལམ་དྲ་རྒྱ་རྫོང་དེ་ཡོངས་ཀྱི་གྲོང་ཚོ་308ལ་ཁྱབ་པ་དང་། སྤྱིའི་ལམ་ཚད་སྤྱི་ལེ་1514ཡོད་པས་ཞིང་ཆེན་དེ་ཡོངས་ཀྱི་ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ་གྱི་དཔེ་སྟོན་རྫོང་དུ་གྱུར་ནས་ལམ་རྒྱུད་ཀྱི་ཀྲུང་ལུགས་སྨན་རྫས་དང་། སྟར་ཁ། གཡེར་མ། ཡུལ་སྐོར་སོགས་ཀྱི་ཐོན་ལས་10ལྷག་ཙམ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཅིང་། གོང་གི་པར་རིས་ནི་ཧྲེ་རྫོང་ཧོ་ནན་ཏན་གྲོང་རྡལ་ཝང་པའོ་གྲོང་ཚོའི་གཞུང་ལམ་ཐོག་རླངས་འཁོར་སྐྱོད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།