འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་པ་སྣམ་གྱི་ཞིང་རར་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་ནམ་དུས་ཤར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་06ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་པ་སྣམ་གྱི་ཞིང་རར་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་ནམ་དུས་ཤར་བ།
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་པ་སྣམ་རྫོང་དུ་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དུས་ཆེན་སྐབས་བརྒྱད་པ་འགོ་ཚུགས་པ་རེད། ས་གནས་དེ་གའི་མང་ཚོགས་དང་དེ་མིན་ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཞིང་རར་ཤིང་འབྲས་དང་སྔོ་ཚལ་སྣ་ཚོགས་འཐུ་བར་སླེབས། ངོ་སྤྲོད་བྱས་པར་གཞིགས་ན། པ་སྣམ་རྫོང་གིས་ཧྲན་ཏུང་བོད་སྐྱོར་གྱི་སྐུལ་ཁྲིད་དང་རོགས་སྐྱོར་འོག་དུས་ཡུན་རིང་པོ་འབད་བརྩོན་བྱས་པ་བརྒྱུད། རིམ་བཞིན་བོད་ལྗོངས་ཀྱི་ཤིང་འབྲས་དང་སྔོ་ཚལ་གྱི་འབྱུང་གནས་ཤིག་ཏུ་གྱུར་ཡོད། མིག་སྔར་པ་སྣམ་རྫོང་གིས་ཤིང་འབྲས་དང་སྔོ་ཚལ་འདེབས་པ་དང་། ཞིབ་འཇུག་གསར་སྤེལ། ཉོ་ཚོང་། ཚན་རྩལ་ཁྱབ་གདལ་གསོ་སྦྱོང་སོགས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་ཕྱོགས་བསྡུས་ཀྱི་མ་ལག་བསྐྲུན་ཡོད་པ་རེད།
    ༄༅།།བོད་ལྗོངས་པ་སྣམ་གྱི་ཞིང་རར་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་ནམ་དུས་ཤར་བ།
      

    ཕྱོགས་བསྡུས་གསར་འགྱུར།