འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཐང་ག་སྒྱུ་རྩལ་བརྩམས་ཆོས་རྒྱལ་ཁབ་རྟེན་རྫས་ཁང་དུ་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐང་ག་སྒྱུ་རྩལ་བརྩམས་ཆོས་རྒྱལ་ཁབ་རྟེན་རྫས་ཁང་དུ་འགྲེམས་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི"སངས་རྒྱས་འབུམ་གྱི་ཐང་ག་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན"ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ནི"ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན། མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་རོགས་རམ"ཞེས་པ་བརྗོད་གཞི་བྱས་ནས། རྒྱལ་ཁབ་མི་རིགས་རི་མོ་སློབ་གླིང་ཐང་ག་སྒྱུ་རྩལ་ཞིབ་འཇུག་ཁང་གི་གླིང་གཙོ། རྒྱལ་ཁབ་རིམ་པ་དང་པོའི་མཛེས་རྩལ་བ་སངས་རྒྱས་འབུམ་གྱི་ཐང་ག་བརྩམས་ཆོས་56འགྲེམས་སྟོན་བྱས་ཡོད་པ་རེད། འགྲེམས་སྟོན་ནི་མུ་མཐུད་། ཟླ་6ཚེས་17བར་དུ་ཡོད་པ་རེད། 
    ༄༅།།ཐང་ག་སྒྱུ་རྩལ་བརྩམས་ཆོས་རྒྱལ་ཁབ་རྟེན་རྫས་ཁང་དུ་འགྲེམས་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།