འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཚོ་དམག་གི་སྲུང་སྐྱེལ་དཔུང་རུ་ཁག་ཉི་ཤུ་རྩ་བརྒྱད་པས་ཀག་ནར་འཚམས་
    འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན་འཕུར་མདའ་སྲུང་སྐྱེལ་དམག་གྲུ་ཡན་ཁྲེང་དམག་གྲུ་དང་ཝུའེ་ཧྥང་དམག་གྲུ་དང་ཕྱོགས་བསྡུས་མཁོ་སྤྲོད་དམག་གྲུ་ཐའེ་ཧུའུ་དམག་གྲུ་ལས་གྲུབ་པའི་ཀྲུང་གོའི་མཚོ་དམག་གི་སྲུང་སྐྱེལ་དཔུང་རུ་ཁག་ཉི་ཤུ་རྩ་བརྒྱད་པ་ཀག་ནའི་ཐེ་མཱ་གྲུ་ཁར་འབྱོར་ནས་ཀག་ནར་དུས་ཡུན་ཉིན་4ཡི་མཛའ་གྲོགས་འཚམས་འདྲི་བྱེད་འགོ་ཚུགས་ཤིང་། དེ་ནི་ཀྲུང་གོའི་མཚོ་དམག་གི་དམག་གྲུའི་དཔུང་རུས་ཀག་ནར་འཚམས་འདྲི་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།
          ས་གནས་དེའི་དུས་ཚོད་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་དཔུང་རུའི་དམག་གྲུ་རྣམས་རིམ་བཞིན་ཐེ་མཱ་གྲུ་ཁར་འབྱོར་བ་དང་ཀག་ནའི་ཕྱོགས་ཀྱིས་དཔུང་རུ་འཚམས་འདྲིར་སླེབས་པར་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད། ཀག་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཧྲེ་ཐིང་དང་། ཀག་ནའི་ཚན་མོའུ་སྤྱི་ཁྱབ་དཔོན་ཨའོ་པེ་ཏེ·ཨ་ཁོ། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཁྲར་སི·ཨའོ་ཝུའེ་ལེ་ཏོ་སོགས་དམག་སྲིད་ཀྱི་དཔོན་རིགས་དང་། ཀག་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཀག་ནར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྐུ་ཚབ་སོགས་མི་300ལྷག་ཙམ་གྲུ་ཁར་བསུ་བ་ཞུ་བར་སླེབས་པ་དང་སྦྲགས་དམག་གྲུར་འཛེགས་ནས་ལྟ་སྐོར་ཡང་བྱས་པ་རེད།
          འཚམས་འདྲི་བྱེད་རིང་། དཔུང་རུའི་བཀོད་འདོམས་པས་ཀག་ནའི་དམག་སྲིད་ཀྱི་མཐོ་རིམ་དཔོན་རིགས་ཐུག་འཕྲད་དང་། ཀག་ན་ཡི་ཁོ་ཧྥེ·ཨན་ནན་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་གསོ་སྦྱོང་ལྟེ་གནས་དང་དྲག་ཆས་བཀོད་འདོམས་སློབ་གླིང་ལ་ལྟ་སྐོར་བྱ་རྒྱུ་མ་ཟད། ཐེ་མཱ་སློབ་ཆུང་དུ་བསྐྱོད་ནས་དགེ་སྒྲུབ་ཞལ་འདེབས་རྒྱག་པའི་བྱེད་སྒོའི་ནང་ཞུགས་རྒྱུ་ཡིན་པ་རེད། ད་དུང་ཀྲུང་གོ་དང་ཀག་ན་རྒྱལ་ཁབ་གཉིས་པོའི་མཚོ་དམག་གི་དཔོན་དམག་གིས་དམག་གྲུར་ཕན་ཚུན་ལྟ་སྐོར་བྱ་རྒྱུ་དང་འབྲེལ་ཐག་འཐེན་འགྲན་བསྡུར་དང་ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་སོགས་སྤེལ་རེས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
       ཐེ་མཱ་ནི་ཀག་ནའི་ལྷོ་རྒྱུད་མཚོ་འགྲམ་དུ་གནས་པ་དང་། ཀི་ནེ་ཡའི་མཚོ་ཁུག་གི་བྱང་ངོགས་དང་ཐག་ཉེ་ཞིང་། རྒྱལ་ས་ཨ་ཁ་ར་དང་བར་ཐག་སྤྱི་ལེ་26ལས་མེད། ཀྲུང་གོ་དང་ཀག་ན་རྒྱལ་ཁབ་གཉིས་1960ལོར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བདེ་བླག་བྱུང་བ་དང་རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཟབ་པས་སྐུ་ཚབ་ཚོགས་པའི་དབར་ཕན་ཚུན་འཚམས་འདྲི་དང་མི་སྣ་གསོ་སྐྱོང་སོགས་ཐད་ཕན་འབྲས་ཆེན་པོ་ལྡན་པའི་སྤེལ་རེས་མཉམ་ལས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།