འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སྤྱི་པུས་རྒྱལ་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་
    ཤུགས་ཁྲི་553ལས་ཞུགས་ཐུབ་ཡོད་ཅེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མི་སྤྱི་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་མཉམ་དུ་གཉེར་བའི་རྒྱལ་ཡོངས་ཀྱི་ལས་ཞུགས་དབུལ་སྐྱོར་གྱི་ཉམས་མྱོང་སྤེལ་རེས་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་ཟླ་11ཚེས་9ཉིན་ཅང་ཤིས་ཀྱི་ཀན་ཀྲོའུ་རུ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་བཅུ་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ངལ་ནུས་ཁྲི་553ལས་ཞུགས་ཐུབ་ནས་ལས་ཞུགས་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།
         མི་སྤྱི་པུའི་པུའུ་ཀྲང་གཞོན་པ་ཀྲང་དབྱི་ཀྲེན་གྱིས་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ལས་ཞུགས་དབུལ་སྐྱོར་གྱི་སྤྱིའི་དམིགས་ཚད་ནི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། ངལ་ནུས་དབུལ་པོ་ཁྲི་1000དེ་བས་གང་ལེགས་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། ལས་ཞུགས་དབུལ་སྐྱོར་ཐད་ལས་གནས་གསར་སྤེལ་ལ་ཐབས་ལམ་མང་པོ་ཡོད་པ་དང་། ལས་ཞུགས་ཞབས་ཞུ་ཕྱོགས་ཡོངས་ལ་ཁྱབ་པ། རྩལ་ནུས་གསོ་སྦྱོང་ཡོངས་སུ་ཁྱབ་པ། ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་ཐུབ་པ་བཅས་བྱེད་དགོས་པ་མ་ཟད། ད་དུང་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ལས་ཞུགས་དབུལ་སྐྱོར་ལས་དོན་ལ་དོ་སྣང་ཆེན་པོ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གཟིགས་སྐྱོང་སྲིད་ཇུས་འདོན་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།