འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཐེངས་དང་པོ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་
    རིམ་བགྲོ་གླེང་ཚོགས་འདུ་་ཟི་ལིང་དུ་ཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ཡོངས་ཀྱི་ཐེངས་དང་པོ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་
རིམ་བགྲོ་གླེང་ཚོགས་འདུ་་ཟི་ལིང་དུ་ཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལས་གཞི་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར་》ཞེས་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་པ་ནན་ཏན་བྱས་ཏེ། བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྲོས་བསྡུར་དང་། བློ་བསྡུས་དགེ་འཚོལ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་འཕེལ་རྒྱས་གཏོང་ཆེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་ཤིང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སྒྲུབ་འགན་འཁུར་བའི་རྒྱལ་ཡོངས་ཀྱི་ཐེངས་དང་པོའི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་ཚོགས་པ་རེད།
          གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ནི་ཀྲུང་གོའི་རིག་གནས་དང་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་དང་། གྲངས་ཉུང་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་འདྲེན་བྱེད་དངོས་པོ་དང་ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་དང་གསར་གཏོད་ནུས་པའི་ཉིང་བཅུད་ཡིན་ཞིང་། ཁྱབ་སྤེལ་དང་སྤེལ་རེས་ཡུན་རིང་བྱེད་པའི་གོ་རིམ་ཁྲོད་དུ་དགེ་མཚན་ལྡན་པའི་རིན་ཐང་གཉེར་ཕྱོགས་དང་། སྦྱངས་པ་གོ་ཆོད་པའི་སྤྱི་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་དང་བྱེད་བཞིན་ཡོད་པ་རེད། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དེས་ཀྲུང་ཧྭ་རིག་གནས་ཀྱི་སྐྱེ་འཕེལ་ནུས་པ་དང་གསར་གཏོད་ནུས་པ་ཇེ་ཆེར་གཏོང་བ་དང་། མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་དང་དར་སྤེལ་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།
         དཔེ་རྙིང་ལེགས་སྒྲིག་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཐོག་གི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ། དུས་ཡུན་རིང་པོ་ནས་བཟུང་རྒྱལ་ཡོངས་ས་གནས་སོ་སོ་ནས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་དཔར་འདེབས་ཕུལ་བྱུང་འབོར་ཆེན་ཐོན་ནས་ཤེས་དཔལ་རྒྱུན་འཛིན་གྱི་ལས་འགན་ལྗིད་པོ་ཁུར་བའི་དཔེ་རྙིང་པར་སྐྲུན་ཡིག་རིགས་ཕུལ་བྱུང་བགྲང་གིས་མི་ལང་བ་ཞིག་གསར་གཏོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཐེངས་དང་པོའི་བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་འཚོགས་ཡུན་ནི་ཉིན་གཉིས་ཡིན་ཞིང་། མཚོ་སྔོན་་དང་པེ་ཅིང་། བོད་ལྗོངས། སི་ཁྲོན། ཀན་སུའུ། ལིའོ་ཉིང་། ནང་སོག་སོགས་ཀྱི་མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་། དཔེ་རྙིང་ཚད་ལྡན་ཡིག་ཆ་དོ་དམ་སྡེ་ཁག དེ་བཞིན་དགོན་སྡེ་གྲགས་ཅན་བཅས་ནས་ཕེབས་པའི་ཆེད་མཁས་པ་དང་མཁས་དབང་བརྒྱ་ལ་ཉེ་བ་ཚོས་ད་དུང་ཚོགས་ཆུང་བགོས་པའི་ཚོགས་འདུ་དང་སྤེལ་རེས་གྲོས་གླེང་ཚོགས་འདུ་འདྲ་མིན་སྣ་ཚོགས་འཚོགས་པ་རེད།
    ༄༅།།རྒྱལ་ཡོངས་ཀྱི་ཐེངས་དང་པོ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་
རིམ་བགྲོ་གླེང་ཚོགས་འདུ་་ཟི་ལིང་དུ་ཚོགས་པ།
    ༄༅།།རྒྱལ་ཡོངས་ཀྱི་ཐེངས་དང་པོ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་
རིམ་བགྲོ་གླེང་ཚོགས་འདུ་་ཟི་ལིང་དུ་ཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།