འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་རིམ་སློབ་གྲྭ་དཀྱུས་མའི་དགེ་འོས་རིགས་ཀྱི་ཆེད་ལས་ལ་རིམ་གསུམ་ལྟ་ཞིབ་ཚད་ལེན་གྱི་
    བདེན་དཔང་ར་སྤྲོད་ལག་བསྟར་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཐོ་རིམ་སློབ་གྲྭ་དཀྱུས་མའི་དགེ་འོས་རིགས་ཀྱི་ཆེད་ལས་ལ་རིམ་གསུམ་ལྟ་ཞིབ་ཚད་ལེན་གྱི་བདེན་དཔང་ར་སྤྲོད་ལག་བསྟར་བྱ་རྒྱུ་ཡིན་པ་དང་། བདེན་དཔང་ར་སྤྲོད་ཀྱི་གྲུབ་འབྲས་ལས་སྲིད་ཇུས་གཏན་འབེབས་དང་། ཐོན་ཁུངས་བཀོད་སྒྲིག འགྲོ་གྲོན་གཏོང་བ། མི་སྤྱོད་ཚན་པའི་གདན་ཞུ། མཐོ་རྒྱུགས་ཀྱི་སློབ་གྲྭ་འདེམས་པའི་རེའུ་མིག་སྐོང་བ་སོགས་ལ་ཞབས་འདེགས་ཞུ་བ་དང་ཇུས་ཐག་གཅོད་པར་དཔྱད་གཞི་མཁོ་འདོན་བྱ་རྒྱུ་རེད།
          སློབ་གསོ་པུའི་དགེ་རྒན་ལས་དོན་སི་དང་མཐོ་རིམ་སློབ་གསོ་སློབ་ཁྲིད་དཔྱད་དཔོག་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། སློབ་གསོ་པུས་ཉེ་དུས་《མཐོ་རིམ་སློབ་གྲྭ་དཀྱུས་མའི་དགེ་འོས་རིགས་ཀྱི་ཆེད་ལས་ཀྱི་བདེན་དཔང་ར་སྤྲོད་ལག་བསྟར་བྱ་ཐབས་(གནས་སྐབས་ལག་བསྟར)》པར་འགྲེམས་བྱས་ཏེ་འཕྲེད་ཕྱོགས་ཀྱི་རིགས་གསུམ་ལ་ཁྱབ་པ་དང་གཞུང་ཕྱོགས་ཀྱི་རིམ་པ་གསུམ་ལ་རིམ་བཞིན་སྤེལ་བའི་དགེ་འོས་རིགས་ཀྱི་ཆེད་ལས་ཀྱི་བདེན་དཔང་ར་སྤྲོད་ཚད་གཞིའི་མ་ལག་བཙུགས་པ་བརྒྱུད། འབྲེལ་ཡོད་ཀྱི་མཐོ་སློབ་ཀྱིས་ལུགས་དང་མཐུན་པའི་ངེས་གནས་དང་། ཁྱད་ཆོས་ལྡན་པར་འཕེལ་རྒྱས། དགེ་འོས་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་གསོ་སྦྱོང་བཅས་ཀྱི་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བདེན་དཔང་ར་སྤྲོད་ཚད་གཞི་དེ་རིམ་པ་གསུམ་ལ་ཕྱེ་ཞིང་། འབྲིང་རིམ་སློབ་གསོ་དང་། སློབ་ཆུང་སློབ་གསོ། སློབ་ཞུགས་གོང་གི་སློབ་གསོ་བཅས་རིགས་གསུམ་གྱི་ཆེད་ལས་ལ་ཁྱབ་ཡོད། རིམ་པ་དང་པོ་དགེ་འོས་རིགས་ཆེད་ལས་ཀྱི་སློབ་གཉེར་གྱི་གཞི་རྩའི་བླང་བྱའི་ལྟ་ཞིབ་ཚད་ལེན་ལ་དམིགས་པ་དང་། དེའི་དམིགས་ཡུལ་ནི་ས་གནས་ཁག་དང་སློབ་གྲྭ་ཁག་གིས་དགེ་འོས་རིགས་ཀྱི་ཆེད་ལས་ཀྱི་གཞི་རྩའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་། རིམ་པ་གཉིས་པ་དགེ་འོས་རིགས་ཆེད་ལས་ཀྱི་སློབ་ཁྲིད་སྤུས་ཚད་ཚད་ལོན་ཚད་གཞིར་བདེན་དཔང་ར་སྤྲོད་བྱ་རྒྱུར་དམིགས་པ་དང་། དེའི་དམིགས་ཡུལ་ནི་ས་གནས་དང་སློབ་གྲྭ་ཁག་ལ་ཆེད་ལས་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱས་ནས། ཆེད་ལས་སློབ་ཁྲིད་སྤུས་ཚད་ཚད་གཞིར་སླེབས་རྒྱུར་འགན་ལེན་བྱ་རྒྱུ་དེ་ཡིན་པ་རེད། རིམ་པ་གསུམ་པ་དགེ་འོས་རིགས་ཆེད་ལས་ཀྱི་སློབ་ཁྲིད་སྤུས་ཚད་ཕུལ་བྱུང་གི་ཚད་གཞིར་སླེབས་པར་བདེན་དཔང་ར་སྤྲོད་བྱ་རྒྱུར་དམིགས་པ་དང་། དེའི་དམིགས་ཡུལ་ནི་བདེན་དཔང་ར་སྤྲོད་ལས་སྟོབས་ཆེར་སྐུལ་འདེད་གཏོང་རྒྱུ་དང་། ཕུལ་བྱུང་བརྩོན་ལེན་བྱ་རྒྱུ། སྤུས་ཚད་རྩེ་གྲྭའི་ཚད་གཞི་འཛུགས་རྒྱུ་བཅས་ཡིན་པ་རེད། རིམ་པ་གཉིས་པ་དང་གསུམ་པའི་བདེན་དཔང་ར་སྤྲོད་ནི་དགེ་རྒན་གྱི་ཀུན་སྤྱོད་ལག་བསྟར་དང་། སློབ་ཁྲིད་ལ་མངའ་བ། སློབ་གསོ་གཏོང་མཁས་པ། འཕེལ་རྒྱས་གཏོང་ཐུབ་པ་བཅས་ཕྱོགས་4ཐད་དགེ་རྒན་གྱི་སྲོག་ཤིང་ནུས་པའི་བྱང་ཚད་ལ་སྦྱོང་བརྡར་སྤྲས་པ་དང་། དམིགས་ཚད་མ་ལག་དེ་གསོ་སྦྱོང་དམིགས་ཚད་དང་། སློབ་ཐོན་བླང་བྱ། སློབ་ཚན་དང་སློབ་ཁྲིད། མཉམ་ལས་དང་ལག་ལེན། དགེ་འོས་དཔུང་ཁག རྒྱབ་སྐྱོར་གྱི་ཆ་རྐྱེན། སྤུས་ཚད་འགན་ལེན། སློབ་མ་འཚར་ལོངས་སོགས་རིམ་པ་དང་པོའི་དམིགས་ཚད་8དང་རིམ་པ་གཉིས་པའི་དམིགས་ཚད་འགའ་ལས་གྲུབ་ཡོད་པ་རེད།
         བྱ་ཐབས་ནང་རིམ་པ་དང་པོར་བདེན་དཔང་ར་སྤྲོད་བྱེད་པར་དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞི་བསྡུ་རུབ་བྱེད་སྟངས་སྤྱད་དེ་དགེ་འོས་རིགས་ཀྱི་ཆེད་ལས་ཀྱི་སློབ་གཉེར་གྱི་གཞི་རྩའི་ཆ་འཕྲིན་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དང་། རིམ་པ་གཉིས་པ་དང་གསུམ་པར་རིགས་གཅིག་མཁས་ཅན་གྱིས་སློབ་གྲྭར་བརྟག་ཞིབ་བྱེད་སྟངས་སྤྱད་དེ་དགེ་འོས་རིགས་ཆེད་ལས་ཀྱི་སློབ་ཁྲིད་སྤུས་ཚད་གནས་ཚུལ་ལ་དུས་མཚམས་རང་བཞིན་གྱི་བདེན་དཔང་ར་སྤྲོད་བྱ་རྒྱུ་གཏན་འབེབས་བྱས་ཡོད། བདེན་དཔང་ར་སྤྲོད་ཀྱི་གོ་རིམ་ནང་རེ་ཞུ་དང་། བདག་སྤྲོད། ཆེད་ལས་རང་བཞིན་གྱི་གདེང་འཇོག ཡིག་ཆར་དཔྱད་ཞིབ། ལས་ཡུལ་དངོས་སུ་བརྟག་ཞིབ། མཇུག་བསྡོམས་གྲོས་ཞིབ། མཇུག་བསྡོམས་ཞིབ་གཏན། དག་ཐེར་བཅོས་སྒྲིག་ལེགས་གཏོང་སོགས་དུས་མཚམས་7ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།