འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་གྲོང་ཁྱེར་དབར་ཐོག་མར་འཕུར་སྐྱོད་བྱ་
    རྒྱུ་བདེ་བླག་ངང་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་ཞིབ་བཟོ་བྱས་པའི་རང་རྒྱལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919རྟགས་ཅན་གྱི་གནམ་གྲུ་10101གིས་གྲོང་ཁྱེར་དབར་ཐོག་མར་འཕུར་སྐྱོད་བྱ་རྒྱུ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཧྲང་ཧའེ་ཕུའུ་ཏུང་གནམ་ཐང་ནས་ཤིས་ཨན་ཡན་ལེའང་བར་འཕུར་བ་རེད།
         ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་38ཐོག་C919རྟགས་ཅན་གྱི་གནམ་གྲུ་ཧྲང་ཧའེ་ཕུའུ་ཏུང་གནམ་ཐང་གི་རྒྱུག་ལམ་4པ་ནས་འཕུར་ཏེ་ཅང་སུའུ་དང་། ཨན་ཧུའེ། ཧོ་ནན། ཧྲའན་ཤིས་སོགས་བརྒྱུད་སྤྱི་ལེ་1300ལས་བརྒལ་བ་འཕུར་སྐྱོད་བྱས་པ་རེད། བར་སྣང་དུ་གནམ་གྲུའི་མ་ལག་ཁག་གི་ནུས་པ་རྒྱུན་གཏན་ཡིན་པ་དང་གནམ་གྲུ་འཕུར་སྐྱོད་ཀྱི་གནས་ཚུལ་ཡག་པོ་བྱུང་ཡོད།
         C919རྟགས་ཅན་གྱི་གནམ་གྲུ་10101གིས་གྲོང་ཁྱེར་དབར་གནམ་ཐང་བསྒྱུར་བའི་འཕུར་སྐྱོད་ཐོག་མ་ལེགས་པར་གྲུབ་པ་དེ་ཐོག་ནས་C919རྟགས་ཅན་གྱི་གནམ་གྲུར་གྲོང་ཁྱེར་དབར་གྱི་མཁའ་ལམ་ཐོག་འཕུར་སྐྱོད་བྱེད་པའི་ནུས་པ་ལྡན་པ་མ་ཟད། དེའི་ནུས་པས་ཇུས་འགོད་ཀྱི་རེ་བ་བསྐངས་ཐུབ་པ་ར་འཕྲོད་རགས་ཙམ་བྱུང་ནས་སྔོན་དཔག་བྱས་པའི་འཕུར་སྐྱོད་བརྟན་པོ་ཡོང་བའི་དམིགས་ཚད་འགྲུབ་པ་མངོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།