འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།《སྣང་ས་འོད་འབུམ་》འཁྲབ་སྟོན་ཡན་ལག་རུ་ཁག་ལྷོ་ཁ་དང་གཞིས་ཀ་རྩེ་གྲོང་ཁྱེར་
    གཉིས་སུ་འཁྲབ་སྟོན་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།《སྣང་ས་འོད་འབུམ་》འཁྲབ་སྟོན་ཡན་ལག་རུ་ཁག་ལྷོ་ཁ་དང་གཞིས་ཀ་རྩེ་གྲོང་ཁྱེར་
གཉིས་སུ་འཁྲབ་སྟོན་བྱེད་པར་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་ལྷ་མོའི་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་འཁྲབ་སྟོན་ལས་བྱེད་མི་སྣ་ཁྱོན་བསྡོམས་78ལས་གྲུབ་པའི་འཁྲབ་སྟོན་ཡན་ལག་རུ་ཁག་སྣེ་ཁྲིད་དེ་ལྷོ་ཁ་དང་གཞིས་ཀ་རྩེ་གྲོང་ཁྱེར་གཉིས་སུ་བསྐྱོད་ནས་《སྣང་ས་འོད་འབུམ་》སྐོར་སྐྱོད་འཁྲབ་སྟོན་བྱས་པ་རེད།
         མིག་སྔའི་བར་དུ། འཁྲབ་སྟོན་རུ་ཁག་འདིས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཟློས་གར་ཁང་ཆེན་མོ་དང་རྒྱལ་རྩེ། པ་སྣམ། རྣམ་གླིང་བཅས་སུ་《སྣང་ས་འོད་འབུམ་》གྱི་འཁྲབ་གཞུང་འཁྲབ་སྟོན་ཐེངས་30བྱས་པ་རེད། དེའི་རྗེས་སུ་འཁྲབ་སྟོན་རུ་ཁག་ད་དུང་ལྷོ་ཁ་གྲོང་ཁྱེར་དང་སྣེ་གདོང་རྫོང་། ཟངས་རི་རྫོང་སོགས་ཀྱི་ས་གནས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་བསྐྱོད་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྐོར་སྐྱོད་འཁྲབ་སྟོན་ལ་དུས་ཡུན་ཉིན་20ཡིན་པ་དང་། གྲོང་ཁྱེར་2དང་རྫོང་6བརྒྱུད་ནས་ལམ་ཐག་ཧ་ལམ་སྤྱི་ལེ་1000ལྷག་ཙམ་ཡོད་ཅིང་། ཁྱོན་བསྡོམས་འཁྲབ་སྟོན་ཐེངས་50བྱ་རྒྱུ་རེད། དམིགས་ཡུལ་ནི་འཁྲབ་གཞུང་ནང་གི་མི་སྣ་གཙོ་བོ་སྣང་ས་འོད་འབུམ་གྱི་འཇིག་རྟེན་འཁོར་བ་ལས"བདེན་ལེགས་མཛེས་གསུམ་དར་སྤེལ་བྱས་ཏེ་རྫུན་བཙོག་ངན་གསུམ་དམའ་འབྱིན་གཙང་འབུད་བྱེད་པའི"གསར་རྩོམ་འདུ་ཤེས་བརྒྱུད་བསྒྲགས་བྱས་ནས་མང་ཚོགས་ལ་བོད་ཀྱི་ལྷ་མོའི་ཟློས་གར་གྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། བོད་རང་སྐྱོང་ལྗོངས་བོད་ཀྱི་ལྷ་མོའི་ཟློས་གར་ཚོགས་པའི་སྒྱུ་རྩལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མང་ཚོགས་རྣམས་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་ཀྱི་བསམ་པ་ཇེ་བརྟན་དུ་གཏོང་བའི་ཆེད་དུ་རེད།
         གཞན་ཡང་། ལྷ་མོའི་ཟློས་གར་ཚོགས་པའི་གསར་རྩོམ་མི་སྣ་གཙོ་བོས་འཕྲལ་མར་དངོས་ཡོད་བརྗོད་གཞིའི་ལྷ་མོའི་ཟློས་གར་《བོད་སྤོས་ཀྱི་བརྩེ་བ་》ཞེས་པ་རྩོམ་སྒྲིག་ནང་སྦྱོང་བྱེད་འགོ་རྩོམ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ཟླ་12ཚེས་15ཉིན་གཟིགས་མོ་བ་རྣམས་ལ་འབུལ་རྒྱུ་རེད།
    ༄༅།།《སྣང་ས་འོད་འབུམ་》འཁྲབ་སྟོན་ཡན་ལག་རུ་ཁག་ལྷོ་ཁ་དང་གཞིས་ཀ་རྩེ་གྲོང་ཁྱེར་
གཉིས་སུ་འཁྲབ་སྟོན་བྱེད་པར་བསྐྱོད་པ།
    ༄༅།།《སྣང་ས་འོད་འབུམ་》འཁྲབ་སྟོན་ཡན་ལག་རུ་ཁག་ལྷོ་ཁ་དང་གཞིས་ཀ་རྩེ་གྲོང་ཁྱེར་
གཉིས་སུ་འཁྲབ་སྟོན་བྱེད་པར་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།