འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཡུན་ནན་དུ་བསྐྱོད་དེ་སྒྲོག་འགྲེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན་གྱི་སྔ་དྲོར། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཡུན་ནན་ཧའེ་ཀེང་ཚོགས་ཁང་དུ་འཚོགས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་མོང་ཞང་ཧྥེང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད། ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའོ་ཡིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ཡུན་ནན་གྱི་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་3.7ཙམ་གྱིས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་སྙན་ཞུ་ཉན་པ་རེད།
            སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་མ་འཚོག་གོང་གི་ཟླ་11ཚེས་9ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་དང་བཅས་པས་ཁུན་མིང་ཅིས་ཀོན་སྡེ་ཁུལ་དང་ཡུན་ནན་སྨན་དཀར་མ་རྐང་ཚད་ཡོད་ཀུང་སིར་བསྐྱོད་དེ་སྒྲོག་འགྲེལ་དང་བརྟག་ཞིབ་བྱས་པ་རེད། “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས”ཞེས་ཅིས་ཀོན་སྡེ་ཁུལ་དུ་མོང་ཞང་ཧྥེང་གིས་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་བཞུགས་མོལ་གནང་བར་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་དང་ཐལ་མོའི་རྡེབ་སྒྲ་བར་མེད་དུ་གྲགས། ཅིས་ཀོན་སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་གཡན་གྱིས་སྒྲོག་འགྲེལ་ཉན་རྗེས“དུས་རབས་གསར་པར་ང་ཚོས་ངེས་པར་དུ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་དགོས”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།