འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་འཆར་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་བྱེད་པ་3153བཅོས་
    སྒྲིག་དང་ཉུང་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཀྲུང་དབྱང་གི་ཇུས་གཞི་དོན་འཁྱོལ་བྱེད་པ་དང་འཆར་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱེད་པའི“བརྒལ་བ་གསུམ་དང་གང་བྱུང་གཉིས”ཀྱི་ཀྲུང་དབྱང་རྩ་འཛུགས་པུའི་ཆེད་དོན་བཅོས་སྒྲིག་གི་བཀོད་སྒྲིག་གཞིར་བཟུང་། 2014ལོའི་ཟླ་7པ་ནས་བཟུང་2017ལོའི་ཟླ་9པ་བར་ལོ་གསུམ་ལྷག་ཙམ་གྱི་དཀའ་སྤྱད་འབད་འཐབ་བརྒྱུད་མཚོ་སྔོན་ཞིང་ཆེན་དུ་འཆར་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་བྱེད་པ་3153བཅོས་སྒྲིག་དང་ཉུང་གཏོང་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་པ་དེ་ཐོག་ནས་མཚོ་སྔོན་གྱིས་འཆར་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་བྱེད་པར་བཅོས་སྒྲིག་བྱེད་པར་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་མཚོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཨུད་ཀྱིས་འཆར་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་བྱེད་པར་བཅོས་སྒྲིག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་སྐབས་བརྗེའི་ལས་དོན་སོགས་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་དུས་ཐོག་ཏུ་འཆར་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱས་པའི“བརྒལ་བ་གསུམ་དང་གང་བྱུང་གཉིས”ལ་བཅོས་སྒྲིག་གི་ལས་དོན་བཀོད་སྒྲིག་བྱས་ཡོད། ས་གནས་ཁག་དང་ཚན་པ་ཁག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཏང་ཨུད་(ཏང་ཙུའུ)ཀྱི་ཧྲུའུ་ཅིས་དག་ཐེར་གྱི་འགན་འཁུར་བ་ཨང་དང་པོ་དང་རྩ་འཛུགས་མི་དོན་ཚན་པའི་འགན་འཁུར་བ་གཙོ་བོས་ཐད་ཀར་འགན་འཁུར་བའི“འགན་འཁྲི་གཉིས”ཁ་གསལ་བཟོས་ཏེ་རིམ་པ་བཞིན་གནོན་ཤུགས་སྤྲོད་པར་སྣང་ཆེན་བྱེད་པ་དང་ཞིང་ཨུད་རྩ་འཛུགས་པུའུ་ཀྲང་གིས་གྲོང་ཁྱེར་དང་ཀྲོའུ་ཨུད་ཧྲུའུ་ཅིར་ཡི་གེ་འབྲི་བ་དང་། གྲོང་ཁྱེར་དང་ཀྲོའུ་ཨུད་ཧྲུའུ་ཅི་དང་རྩ་འཛུགས་པུའུ་ཀྲང་ལ་གཅིག་སྡུད་སྐོང་འདྲི་བྱེད་པ། གཅིག་གྱུར་རྩིས་ཁྲ་བཟོས་ནས་ཐོ་བསུབ་པའི་ལམ་ལུགས་ལག་བསྟར་སོགས་བྱ་ཐབས་སྤྱད་དེ་སྔ་རྗེས་སུ་གྲོང་ཁྱེར་དང་ཀྲོའུ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྩ་འཛུགས་པུའུ་ཀྲང་། འབྲེལ་ཡོད་ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་ཁག་བགོས་འགོ་ཁྲིད། དེ་བཞིན་མི་དོན་ཁྲུའུ་ཀྲང་བཅས་མི་ཐེངས་56ལ་སྐོང་འདྲི་བྱས་ཏེ་དག་ཐེར་དང་ཉུང་དུ་གཏོང་བའི་འགན་འཁྲི་ནན་དུ་བཏང་ཡོད།
         དེ་དང་ཆབས་ཅིག་ཞིང་ཆེན་དེའི་སྒྲིག་གཞིའི་སྒྲིག་ཁོངས་ཀྱི་མིང་ངོ་མ་འགོད་པའི་ལམ་ལུགས་དོ་དམ་ཞིབ་བསྡུར་ལས་དོན་དང་ཟུང་འབྲེལ་བྱས་ནས་གཞི་གྲངས་འཚོལ་བ་དང་། གནད་དོན་ངོ་མ་ཞིབ་བཤེར་བྱེད་པ། ཇུས་གཞི་བཟོ་བ་བཅས་བྱས་ནས་འཆར་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱས་པའི་གནས་ཚུལ་དབྱེ་འབྱེད་ནན་པོ་བྱས་ཏེ་ཞིང་ཆེན་དེར་འཆར་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་བྱེད་པ་3153ཡོད་པ་གཏན་འཁེལ་བྱས་ཡོད། འཆར་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱས་པའི་གནས་ཚུལ་ལ་གཞིགས་ནས་ས་ཁུལ་མི་འདྲ་བ་དང་ཚན་པ་མི་འདྲ་བའི་གནས་ཚུལ་མི་འདྲ་བ་ཕྱེ་སྟེ་སྒྲིག་ཁོངས་དང་གཞུང་ཞབས་པའི་དོ་དམ་སོགས་སྡེ་ཚན་དང་མཉམ་དུ་ལག་བསྟར་ཇུས་གཞི་བཟོས་པ་དང་། ལས་ཀའི་བྱ་ཐབས་ནན་དུ་བཏང་བ། འཆར་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱས་པའི་འཆར་འགོད་པར་རིས་བཟོས་ཏེ་ལོ་2ནང་ཚུན་དུ་འཆར་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ཀྱི་གྲངས་ཚད་བཅོས་སྒྲིག་དང་ཉུང་དུ་གཏོང་བ་དང་། 2017ལོའི་ཟླ་9པའི་གོང་འཆར་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་འགོ་ཁྲིད་མིན་པའི་མི་གྲངས་དང་ཁོའོ་རིམ་པའི་འགོ་ཁྲིད་ཀྱི་མི་གྲངས་ཉུང་དུ་གཏོང་བའི“དུས་ཚོད་རེའུ་མིག”གསལ་པོ་བཟོས་ནས་འཆར་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱས་པའི་ལས་འགན་རིམ་པ་བཞིན་ཞིབ་ཕྲ་དང་། དབྱེ་འབྱེད། བཅོས་སྒྲིག མེད་པ་བཟོ་བ་བཅས་བྱས་ཏེ་བཅོས་སྒྲིག་ལས་དོན་ཡག་པོ་སྤེལ་བ་རེད།
         འཆར་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱས་པའི་གནད་དོན་བཅོས་སྒྲིག་བྱེད་སྐབས་ཕྱོགས་བསྡུས་ཇུས་གཞི་ལག་བསྟར་བྱས་ནས་དག་ཐེར་གྱི“མཉམ་སྡེབ་དམག་འཐབ”ཡག་པོ་བརྒྱབ་སྟེ་བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ་འཆར་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་བྱེད་པ་ཉུང་དུ་གཏོང་དགོས། “བསམ་བློའི་འགག་སྒོ”ཡག་པོ་བསྲུངས་ཏེ་རྩ་འཛུགས་མི་དོན་སྡེ་ཚན་གྱི་འགན་འཁུར་བར་གཅིག་སྡུད་སྐོང་འདྲི་དང་། དུས་ཐོག་ཏུ་བརྡ་ཁྱབ་གཏོང་བ། ཆེད་དོན་ཞིབ་བཤེར་སོགས་བྱ་ཐབས་སྤྱད་དེ་འགོ་ཁྲིད་ལས་བྱེད་པའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ་དང་ཉུང་གཏོང་བྱེད་སྟངས་མགྱོགས་མྱུར་བཅོས་སྒྲིག་བྱེད་དགོས། འཆར་ཅན་དང་གོ་རིམ་ལྡན་པའི་ངང་ཉུང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པའི་གོ་གནས་སྤོར་བ་དང་། ལས་གནས་བརྗེས་ནས་སྤེལ་རེས་བྱེད་པ། རྒན་ཡོལ་ཞུ་བ་སོགས་རྒྱུ་རྐྱེན་ལ་སྤྱི་འདོམས་བསམ་གཞིགས་བྱས་ཏེ་གོ་གནས་སྟོང་པར་ལུས་པའི་གནས་ཚུལ་ལ་གཞིགས་ནས་འཆར་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་བྱེད་པ་དུས་ཐོག་ཏུ་ཉུང་དུ་གཏོང་དགོས། བྱ་གཞག་ཚན་པའི་རིགས་དབྱེ་བཅོས་སྒྲིག་དང་ཟུང་འབྲེལ་བྱས་ཏེ་བྱ་གཞག་ཚན་པའི་འཆར་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱས་པའི་གནད་དོན་སྤྱི་འདོམས་ཐག་གཅོད་བྱེད་དགོས། རྫོང་མན་ཆད་ཀྱི་ལས་ཁུངས་ཀྱི་གཞུང་ཞབས་པའི་གོ་གནས་དང་གོ་གནས་ཀྱི་རིམ་པ་མཉམ་དུ་ལག་བསྟར་བྱེད་པའི་ལམ་ལུགས་དང་། ཤང་དང་གྲོང་རྡལ་དུ་ཁོའོ་རིམ་པའི་འགོ་ཁྲིད་མིན་པའི་གོ་གནས་བཟོ་བ་སོགས་བྱ་ཐབས་དོན་འཁྱོལ་བྱས་ཏེ་གཞི་རིམ་གྱི་འཆར་གཞི་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་བྱེད་པ་ལུགས་མཐུན་ངང་ཉུང་དུ་གཏོང་དགོས། ལས་བྱེད་པའི་གོ་གནས་སྤོར་གཅོག་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལས་སྒོ་མི་འཕེར་བ་དང་ལས་འགན་གཙང་སྒྲུབ་མི་ཐུབ་པའི་ལས་བྱེད་པ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉུང་གཏོང་བྱེད་ཐབས་སྔར་བས་སྟབས་བདེ་རུ་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།