མི་དམངས་དྲ་བ།

༄༅།།སྙན་ཞུའི་མ་ཡིག་སློབ་སྦྱོང་དང་། དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།སྙན་ཞུའི་མ་ཡིག་སློབ་སྦྱོང་དང་། དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ།

     མི་དམངས་དྲ་བའི་འཕྲིན། ཉེ་ལམ་ཉིན་ཤས་རིང་ལ། བོད་རང་སྐྱོང་ལྗོངས་ཀྱི་སྡེ་ཁག་རིམ་པ་ཁག་གིས་རྣམ་པ་འདྲ་མིན་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་མཐའ་འཁྱོལ་བྱེད་པའི་མཐོ་རླབས་ཤིག་འཕྲལ་མར་འཕྱུར་བ་རེད། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གི་ཆོད་གཏམ་གསར་པ་དང་། དགོངས་དོན་གསར་པ། ལས་འགན་གསར་པ། བྱེད་ཐབས་གསར་པ་བཅས་དྲིལ་བསྒྲགས་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཐོ་སྒང་དུ་རྩ་བ་ཚུགས་པར་བྱེད་བཞིན་ཡོད་པ་རེད།