འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་འདབ་པ་རྫོང་གི་བོད་པའི་གྲོང་ཚོ་ར་ལམ་གྱི་རྣམ་པ་གསར་པར་བསྒྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་ཞིང་ཆེན་འདབ་པ་རྫོང་གི་བོད་པའི་གྲོང་ཚོ་ར་ལམ་གྱི་རྣམ་པ་གསར་པར་བསྒྱུར་པ།
         མི་དམངས་དྲ་བའི་འཕྲིན། ར་ལམ་གྲོང་ཚོ་ནི་སི་ཁྲོན་ཞིང་ཆེན་འདབ་པ་རྫོང་ཤར་ལྷོ་རྒྱུད་དུ་གནས་ཡོད་པ་དང་། རྫོང་མཁར་དང་བར་ཐག་ཧ་ལམ་སྤྱི་ལེ་50ཡོད་ལ། དཔེ་འོས་ཀྱི་སྲོལ་རྒྱུན་བོད་པའི་གྲོང་ཚོ་ཞིག་ཡིན་པ་དང་། དུད་ཚང་33དང་མི་གྲངས་186ཡོད་པ་རེད།
        2016ལོའི་ཟླ་9པར། སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་གྱི་འདབ་པར་རོགས་སྐྱོར་ལས་དོན་ཚོགས་ཆུང་ཁག་བཞི་པས་ར་ལམ་གྲོང་ཚོ་ཁ་གཏད་དབུལ་སྐྱོར་བྱ་ཡུལ་དུ་བདམས་པ་དང་། ཕྱོགས་མང་པོ་ནས་མ་རྩ་སྒོར་ཁྲི་300ལྷག་གྲབས་གཤོམ་བྱས་ཏེ་ཡུལ་བབ་དང་བསྟུན་ཏེ་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་དང་གྲོང་ཚོ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་གཏན་འཁེལ་བྱས་ནས་དུད་ཚང་དུ་སྐྱོད་པའི་བགྲོད་ལམ་བཟོ་བ་དང་། གྲོང་མི་ཚོའི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་པ། ཡུལ་སྐོར་སྒྲིག་བཀོད་དང་ཡུལ་ལྗོངས་ལེགས་པོ་འཛུགས་སྐྲུན། སྔོ་ཚལ་སྒྲོམ་གུར་ཆེན་མོ་དང་སྒོ་ཕྱུགས་ཚང་གསོས་ཁྱབ་སྤེལ་སོགས་བྱས་པ་རེད། ལོ་གཅིག་ལྷག་རིང་གི་འཛུགས་སྐྲུན་བྱས་པ་བརྒྱུད་ར་ལམ་གྲོང་ཚོའི་རྣམ་པ་གསར་པར་བསྒྱུར་པ་རེད།
    ༄༅།།སི་ཁྲོན་ཞིང་ཆེན་འདབ་པ་རྫོང་གི་བོད་པའི་གྲོང་ཚོ་ར་ལམ་གྱི་རྣམ་པ་གསར་པར་བསྒྱུར་པ།
    ༄༅།།སི་ཁྲོན་ཞིང་ཆེན་འདབ་པ་རྫོང་གི་བོད་པའི་གྲོང་ཚོ་ར་ལམ་གྱི་རྣམ་པ་གསར་པར་བསྒྱུར་པ།
    ༄༅།།སི་ཁྲོན་ཞིང་ཆེན་འདབ་པ་རྫོང་གི་བོད་པའི་གྲོང་ཚོ་ར་ལམ་གྱི་རྣམ་པ་གསར་པར་བསྒྱུར་པ།
    ༄༅།།སི་ཁྲོན་ཞིང་ཆེན་འདབ་པ་རྫོང་གི་བོད་པའི་གྲོང་ཚོ་ར་ལམ་གྱི་རྣམ་པ་གསར་པར་བསྒྱུར་པ།
      

    ཕྱོགས་བསྡུས་གསར་འགྱུར།