འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཆེན་པོ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མིག་སྔར་ཞིང་ཆེན་དེས་རྫོང་རིམ་པའི་དྲ་ཐོག་ཚོང་དོན་ཞབས་ཞུ་ལྟེ་གནས་11དང་། རྫོང་རིམ་པའི་མཛོད་འཇུག་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་5 ཤང་གྲོང་རིམ་པའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་133 གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་639བཅས་བསྐྲུན་ཡོད། ཞིང་ཆེན་སྲིད་གཞུང་གིས་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང“དྲ་སྦྲེལ+འགྲོ་རྒྱུག”གི་བྱ་སྤྱོད་འཆར་གཞི་ལག་བསྟར་དོན་འཁྱོལ་བྱེད་པ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཞིང་ཆེན་ཡོངས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་འགྲོ་རྒྱུར་སྲིད་ཇུས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་པ་རེད།
          ཞིང་ཆེན་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་དཀོན་པ་དང་ཡོངས་ཁྱབ་བེད་སྤྱོད་ཐད་རིག་ནུས་འདེགས་སྐྱོར་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། མཚོ་སྔོན་གྱིས་ཁྲའོ་ཡང་རྒྱལ་ཁབ་དྲ་ཐོག་ཚོང་དོན་དཔེ་སྟོན་རྟེན་གཞི་གཞི་རྟེན་དུ་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་སྡེ་ཚན་དང་། མཐོ་སློབ། ཚོང་ལས་མཐུན་ཚོགས། གསོ་སྦྱོང་སྒྲིག་གཞི་སོགས་དང་མཉམ་ལས་བྱས་ཐོག་སྔ་རྗེས་སུ་རིགས་ཁག་གི་དྲ་ཐོག་ཚོང་དོན་གྱི་ཆེད་དོན་གསོ་སྦྱོང་དུས་ཐེངས་100ལྷག་ཙམ་སྒྲིག་འཛུགས་བྱས་པར་མི་ཐེངས་5000ལྷག་ཙམ་ཞུགས་པ་དང་རིམ་པ་མང་བ་དང་། ཁྱབ་ཁོངས་སྣ་མང་། ཐབས་ལམ་མང་བ་བཅས་ཀྱི་ཐོག་ནས་མཚོ་སྔོན་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྦྱོང་བྱས་པ་རེད།
         མཚོ་སྔོན་གྱིས་ད་དུང་རྒྱལ་ཁབ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་གཉེར་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་བེད་སྤྱོད་པ་དང་དཔེ་སྟོན་རྫོང་ཁག་གིས་སྦྲག་སྲིད་དང་། མཁོ་འཚོང་། ཚོང་དོན་འགྲོ་རྒྱུག ཕྱོགས་གསུམ་པའི་ཟོག་འགྲེམས་དང་ཡུལ་དེ་གའི་ཟོག་འགྲེམས་སོགས་ཁེ་ལས་ཚུད་པའི་རིགས་ཁག་གི་བྱེད་པོར་ལྕག་སྐུལ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཟོག་འགྲེམས་གནད་དོན་ཐག་གཅོད་ཇུས་གཞི་བཟོས་ནས་ཟོག་འགྲེམས་ཀྱི་འཇུར་མིག་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་པར་གྲུབ་འབྲས་རགས་ཙམ་ཐོབ་ཡོད་པ་རེད།
         དེ་དང་ཆབས་ཅིག་མཚོ་སྔོན་གྱིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་གཉེར་བའི་རྣམ་གྲངས་དང་གནད་སྨིན་དབུལ་སྐྱོར་ཟུང་འབྲེལ་བྱས་ཏེ་རྨང་གཞིའི་ཆ་རྐྱེན་འཛོམས་པའི་གྲོང་ཚོ་དབུལ་པོར་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་300ཙམ་བསྐྲུན་ནས“དྲ་ཐོག་ཚོང་དོན་ཁེ་ལས+མཉམ་ལས་ཁང+ཞིང་དུད”དང“དྲ་སྦྲེལ+ཞིང་དུད+ཡུལ་སྐོར”སོགས་ཀྱི་དབུལ་སྐྱོར་བྱེད་ཐབས་འཚོལ་ཞིབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།