འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བདུན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ཚོགས་འདུ་ཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྐབས་བདུན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ཚོགས་འདུ་ཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། སྐབས་བདུན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་བགྲོ་གླེང་ཚོགས་འདུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དུ་གཉེར་བ་རེད། ད་རེས་ཀྱི་བགྲོ་གླེང་ཚོགས་འདུའི་བརྗོད་བྱ་ནི“དྲིན་དྲན་དྲིན་གཟོ”ཞེས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་གྱི་གྲྭ་དམངས་ཀྱི་རྒྱལ་གཅེས་ཆོས་གཅེས་གྱི་སྲོལ་རྒྱུན་བཟང་པོ་ཤུལ་འཛིན་དང་། མེས་རྒྱལ་གྱི་བཀའ་དྲིན་དྲན་པ། འགྲོ་བ་སེམས་ཅན་ལ་ཕན་པ་དོན་གཉེར་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་བར་ཁྲིད་སྟོན་བྱེད་པའི་ཆེད་དུ་ཡིན། བགྲོ་གླེང་ཚོགས་འདུའི་ཐོག  ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམས་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མས་ཤིས་ཚིག་གསུངས་པ་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་ཞུགས་ཚོགས་གཙོ་གཞོན་པ་ཙུང་ཞིན་ཚོགས་འདུར་ཞུགས་པ་མ་ཟད་བཞེད་དོན་གྱི་གསུང་བཤད་ཀྱང་གནང་བ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་དབུ་ཁྲིད་བཅས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲང་ཡུས་ཀྱིས་ཚོགས་འདུ་འགོ་ཚུགས་པའི་གཙོ་སྐྱོང་གནང་བ་རེད། 
         ད་རེས་ཀྱི་བགྲོ་གླེང་ཚོགས་འདུར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་པས་དང་ལེན་ཧུར་གནང་བ་དང་ཚ་ཚ་འུར་འུར་ངང་ནས་ཞུགས་ཤིང་། ཆོས་འགྲེལ་རྩོམ་ཡིག་ཁྱོན་80ལྷག་ཙམ་འབྱོར་བ་རེད། བོད་བརྒྱུད་ནང་བསྟན་སློབ་ཆེན་སློབ་གླིང་དང་། དགོན་སྡེ་ཁག་གི་དགེ་བའི་བཤེས་གཉེན། ཅིང་སྡོད་སློབ་ཆེན། ཞིབ་འཇུག་ལས་ཁུངས་བཅས་ཀྱི་ཆེད་མཁས་དང་མཁས་དབང་། བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་ནང་བསྟན་སློབ་གླིང་དང་དགོན་སྡེའི་འཐུས་མི། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་སློབ་འཐུས་མི་བཅས་ཁྱོན་བསྡོམས་མི་གྲངས་200ལྷག་ཙམ་ད་རེས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས་པ་རེད། 
         བགྲོ་གླེང་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྟོན་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི“ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་ཁ་ཕྱོགས་མཐའ་འཁྱོངས། ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་བྱེད་པའི་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་”རྩ་བའི་བླང་བྱ་སློབ་སྦྱོང་ནན་ཏན་བྱས་ཏེ། བཞེད་དོན་གཏམ་བཤད་དང་། ཚོགས་ཆེན་ཐོག་གི་སྤེལ་རེས། ཚོ་ཆུང་བགོས་ནས་གྲོས་བསྡུར་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་གསལ་འགྲེལ་གྱི་ལས་དོན་གནང་རྒྱུ་ཡིན་པ་རེད། 
    【1】  【2】
    ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མས་ཤིས་ཚིག་གསུངས་པ།
    ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མས་ཤིས་ཚིག་གསུངས་པ།
      

    ཕྱོགས་བསྡུས་གསར་འགྱུར།