འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་བྲང་པོ་ཏ་ལར་དཀར་རག་གསོལ་བ་ལེགས་འགྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཕོ་བྲང་པོ་ཏ་ལར་དཀར་རག་གསོལ་བ་ལེགས་འགྲུབ་བྱས་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལར་དཀར་རག་གསོལ་ཟིན་ཏེ་རྣམ་པ་གསར་པ་མངོན་ཞིང་། “ཉི་འོད་གྲོང་ཁྱེར”ལྷ་སའི་དགུན་སྟོད་ཀྱི་ཉི་འོད་འཕྲོ་བའི་འོག་སྔར་ལས་བརྗིད་ཉམས་ཆེ་ཞིང་དཔལ་དང་གཟི་བརྗིད་ལྡན་པར་གྱུར། ད་ལོར། ཞབས་འདེབས་པ་300ལྷག་དཀར་རག་གསོལ་བའི་ལས་ལ་ཞུགས་ཡོད་པ་དང་། ཁྱོན་བསྡོམས་རང་བྱུང་གི་ཚོན་རྫས་ཏུན་92བེད་སྤྱད་པ་དང་། ཚོན་རྫས་ནི་སྲོལ་རྒྱུན་གྱི་སྡེབ་སྡུར་ལ་གཞིགས་པའི་ཁར། དེའི་ནང་དུ་རུས་སྤྱིན་བསྣན་ནས་འབྱར་ཤུགས་ཆེ་རུ་བཏང་བ་རེད། ཕོ་བྲང་པོ་ཏ་ལ་དོ་དམ་ཁང་གི་འགོ་འཛིན་གཞོན་པ་ཀུན་དགའ་ཡིས་ངོ་སྤྲོད་བྱས་ནས་ཕོ་བྲང་པོ་ཏ་ལར་དཀར་རག་གསོལ་བ་ནི་མཐོང་སྣང་མཛེས་པོ་བཟོས་པ་གཅིག་པུ་མིན་པར། དེ་ལས་གལ་ཆེ་བ་ནི་རྩིག་པར་སྲུང་སྐྱོང་བྱེད་ཐུབ་པ་དང་། ཆར་རྡུང་འགོག་ནུས་ཇེ་ཆེར་གཏོང་ཐུབ་པ་རེད་ཅེས་བརྗོད་པ་རེད།
    ༄༅།།ཕོ་བྲང་པོ་ཏ་ལར་དཀར་རག་གསོལ་བ་ལེགས་འགྲུབ་བྱས་པ།
    ༄༅།།ཕོ་བྲང་པོ་ཏ་ལར་དཀར་རག་གསོལ་བ་ལེགས་འགྲུབ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།