འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་བྱ་ཁྲི་10ལྷག་ཙམ་མཚོ་སྔོན་པོར་འཛོམས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11པའི་ཟླ་སྟོད་དུ་མཚོ་སྔོན་པོར་དུས་བྱ་གནས་སྤོ་བྱེད་མང་ཤོས་ཀྱི་དུས་སུ་སླེབས་ཤིང་། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་སྟོན་དུས་གནས་སྤོའི་ཆུ་བྱའི་ཆེད་དོན་ཞིབ་དཔྱད་འབྲས་བུ་ལས་མངོན་པར། ཆུ་བྱའི་ཞིབ་དཔྱད་དཔེ་བསྡུ་བྱ་ཡུལ་22ནས་ཆུ་བྱ་རིགས་32དང་གྲངས་འབོར་ཁྲི་10ལྷག་ཙམ་ཐོ་འགོད་བྱས་ཡོད་པ་དེས་ལོ་ཧྲིལ་པོའི་ཆུ་བྱའི་ཁྱུ་ཚོགས་ཀྱི་གྲངས་འབོར་མང་ཤོས་ཟིན་ཡོད་པ་རེད།
         ཟླ་11པར་མཚོ་སྔོན་པོའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་2བར་ཆག་ཡོད། ཚེས་3ཉིན་གྱི་ཞོགས་པ་གསར་འགོད་པས་རླངས་འཁོར་བཏང་སྟེ་མཚོ་སྔོན་པོའི་ལྷོ་ངོས་ཀྱི་མཚོ་སྔོན་པོ་སྐོར་བའི་གཞུང་ལམ་དུ་སྐྱོད་སྐབས་མཚོ་མོའི་སྟེང་ངང་དཀར་ཁྱུ་དང་ཁྱུ་བྱས་ཏེ་འཚོ་གནས་བྱེད་བཞིན་པ་མཐོང་བྱུང་། དེ་དུས་མཚོ་འགྲམ་གྱི་འདམ་རར་འཁྱགས་པ་སྲབ་མོ་ཞིག་ཐེབས་ཟིན་པ་དང་སྐྱ་སེར་དུ་གྱུར་པའི་རྩྭ་ར་བརྒྱུད་མཚོ་འགྲམ་དུ་བཅར་སྐབས་ཐག་རིང་ནས་ངང་དཀར་གྱི་སྐད་སྒྲ་ལྷང་ལྷང་དུ་ཐོས།
         ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལྷོ་རྒྱུད་དུ་གནས་སྤོ་དང་རྒྱུད་འཕེལ་ལ་འོང་བའི་བྱ་རིགས་དང་དེ་བཞིན་མཚོ་སྔོན་པོར་དགུན་སྒྲོལ་དུ་ཡོང་བའི་ཆུ་བྱ་སྣ་ཚོགས་སྡེབ་གཅིག་ཏུ་འཛོམས་ནས་དུས་སྐབས་དེར་མཚོ་སྔོན་པོའི་ལོ་ཧྲིལ་པོའི་ཆུ་བྱའི་ཁྱུ་ཚོགས་ཀྱི་གྲངས་འབོར་མང་ཤོས་སུ་སླེབས་ཡོད་པ་རེད།
         མིག་སྔར་གནས་སྤོའི་ལམ་བར་དུ་མཚོ་སྔོན་པོར་བསྡད་པའི་ཆུ་བྱ་ཁྲི་9.3ཙམ་ཡོད་པ་དེ་དག་གཙོ་བོ་ངང་པ་དང་ཆུ་སྐྱར་རིགས་ཡིན་པ་དང་། མཚོ་སྔོན་པོར་རྒྱུད་པ་སྤེལ་ནས་ད་དུང་གནས་སྤོ་བྱས་མེད་པའི་ཆུ་བྱ་1000ལྷག་ཙམ་ཡོད་པ་དེ་དག་གཙོ་བོ་ཁྲུང་ཁྲུང་མགོ་ཁྲ་དང་། སོ་བྱ། ངང་ནག ཁྲུང་ཁྲུང་མཇིང་ནག་བཅས་ཡིན་པ། མཚོ་སྔོན་པོར་དགུན་སྒྲོལ་དུ་ཡོང་བའི་ཆུ་བྱའི་གྲངས་འབོར་6000ལྷག་ཙམ་ཟིན་པ་ལས་ངང་དཀར་500ལྷག་ཙམ་བྱ་གླིང་ཉེ་འཁོར་གྱི་འདམ་རར་འཚོ་སྡོད་བྱེད་པ་དང་། ངང་སེར་5800ལྷག་ཙམ་ཅང་སིའི་ཉེ་འགྲམ་གྱི་འདམ་ར་དང་ཞིང་ཁའི་ནང་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད།
         རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་མཚེའུ་ཆེ་ཤོས་ཏེ་མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་འཛིན་གྱི་ཆུའི་མ་ལག་གལ་ཆེན་ཞིག་དང་ནུབ་རྒྱུད་ཀྱི་མྱ་ངམ་ཐང་ཤར་རྒྱུད་དུ་མཆེད་པར་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག་རེད་ལ། ཨེ་ཤེ་ཡའི་དབུས་རྒྱུད་དང་ཨེ་ཤེ་ཡ་ཤར་མའི་དུས་བྱ་གནས་སྤོའི་ལམ་ཐིག་གི་འདུས་མཚམས་སུ་གནས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།