འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཞིང་འདེབས་ཤེས་པའི་བྲག་ཁུང་དུ་སྡོད་མཁན་ཐོག་མར་ཤེས་རྟོགས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དུས་ཡུན་རིང་པོར། རིག་གཞུང་ཁྱབ་ཁོངས་སུ་བྲག་ཁུང་ནང་སྡོད་པའི་གནའ་མོ་རིགས་ནི་འཚོལ་བསྡུ་དང་། རྔོན་རྒྱག་པ། གདོད་མའི་ཞིང་ལས་ཐོན་སྐྱེད་བྱེད་བཞིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཉེ་དུས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། ཧྥུའུ་ཅན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་། མིང་ཤིས་རྫོང་རྟེན་རྫས་བཤམས་མཛོད་ཁང་གནའ་རྫས་རྟོག་ཞིབ་ཚོགས་པ་བཅས་ཀྱིས་ཧྥུའུ་ཅན་སན་མིང་གྲོང་ཁྱེར་གྱི་ལྷོ་རིའི་རྗེས་ཤུལ་དུ་གནའ་རྫས་རྟོག་ཞིབ་རབ་དང་རིམ་པ་བྱས་པ་བརྒྱུད་ཤེས་རྟོགས་གསར་པ་བྱུང་བ་དེས་ལྟ་བ་དེ་ཁྲུ་སློག་བཏང་བ་རེད།
          ཉིན་ཤས་གོང་ཚོགས་པ་དེས་ལྷོ་རིའི་རྗེས་ཤུལ་གྱི་བྲག་ཕུག་ཨང་བཞི་པའི་(རྗེས་ཤུལ་དེའི་ལོ་རབས་ནི་ད་བར་ལོ་5300ནས་4300བར་ཡོད་པ་གཏན་འཁེལ་བྱས་པ)རྡོ་ཆས་གསར་པའི་དུས་རབས་ཀྱི་ས་གཤིས་ཆགས་རིམ་ཁྲོད་ནས་རྡོ་སོལ་དུ་གྱུར་པའི་འབྲས་ལྤགས་རྐང་ཁྲི་ཡན་རྙེད་ནས་ལྷོ་རིའི་རྗེས་ཤུལ་གྱི་གནའ་རབས་མེས་པོས་བལྟོས་བཅས་ཀྱིས་དར་རྒྱས་ཆེ་བའི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་ཁོང་དུ་ཆུད་ཟིན་པ་ཤེས་རྟོགས་བྱུང་བ་དང་། དེ་ཐོག་ནས་རང་རྒྱལ་གྱིས་ཞིང་འདེབས་ཤེས་པའི་བྲག་ཁུང་དུ་སྡོད་མཁན་ཐོག་མར་ཤེས་རྟོས་བྱུང་བ་མཚོན་ཡོད་ཅེས་བསྒྲགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།