འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།འབྱུང་འགྱུར་ཀྲུང་གོའི་མི་འབོར་གྱི་80%ཡན་གྲོང་ཁྱེར་ཚོམ་བུ་19ལ་གནས་སྡོད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གྲོང་ཁྱེར་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་སྒྱུར་བཅོས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ལིན་གྱིས་ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། ལག་ལེན་བཅས་ཀྱི་གླེང་སྟེགས་སྐབས་གཉིས་པའི་ཐོག་འབྱུང་འགྱུར་ཀྲུང་གོའི་མི་འབོར་གྱི་80%ཡན་གྲོང་ཁྱེར་ཚོམ་བུ་19ལ་གནས་སྡོད་བྱ་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཚོམ་བུ་འཕེལ་རྒྱས་སོང་བ་དེས་རྒྱལ་ཡོངས་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་ཞེས་བརྗོད། གླེང་སྟེགས་འདི་ནི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཆིང་ཧྭ་སློབ་ཆེན་གཉིས་ཀྱིས་མཉམ་དུ་གཉེར་བ་རེད།
          “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་གྲོང་ཁྱེར་ཚོམ་བུ་19བཏོན་པའི་ནང་། པེ་ཅིང་དང་། ཐེན་ཅིང་། ཧོ་པེ་གྲོང་ཁྱེར་ཚོམ་བུ་དང་། འབྲི་ཆུའི་ཟུར་གསུམ་གླིང་གི་གྲོང་ཁྱེར་ཚོམ་བུ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་གྲོང་ཁྱེར་ཚོམ་བུ། ཧའར་པིན་དང་ཁྲང་ཁྲུན་གྲོང་ཁྱེར་ཚོམ་བུ་སོགས་ཚུད་པ་རེད། ཞུས་ལིན་གྱིས་གྲོང་ཁྱེར་ཚོམ་བུ་19ཡི་ནང་གྲོང་ཁྱེར་257ཚུད་པ་དེས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་བསྡོམས་འབོར་གྱི་40%ཡས་མས་བཟུང་ནའང་། གྲོང་ཁྱེར་ཚོམ་བུ་19ཡི་རྒྱུན་སྡོད་མི་འབོར་གྱིས་རྒྱལ་ཡོངས་ཀྱི་བསྡུར་ཚད་ནང་73%དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་རྒྱལ་ཡོངས་ཀྱི་GDPཡི་81.7%བཟུང་ཡོད། འདས་པའི་ལོ་བཅུའི་ནང་། ཀྲུང་གོའི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་ཚོམ་བུ་19ཡི་ནང་སྡོད་པའི་བསྡུར་ཚད་10%ལ་ཉེ་བ་མཐོ་རུ་སོང་ཞིང་། ཕྱིས་འབྱུང་བསྡུར་ཚད་དེ་80%ཡན་བར་མཐོ་རུ་འགྲོ་བཟོ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།