འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཁོ་རེ་ཡ་ལྷོ་བྱང་གཉིས་ཕན་ཚུན་བསམ་ཤེས་བྱེད་པའི་རེ་བ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཀེང་ཧྲོང་གིས་ཁོ་རེ་ཡ་ལྷོ་མའི་སྲིད་འཛིན་ཝུན་ཙའེ་ཡན་གྱིས་"ཕྱེད་གླིང་ཞི་བདེའི་བསམ་བཀོད"སྐོར་གྱི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཀྲུང་གོས་ཕྱེད་གླིང་ལྷོ་བྱང་ཕྱོགས་གཉིས་པོ་གྲོས་མོལ་བྱས་ཏེ་ཕན་ཚུན་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་ཕན་ཚུན་བསམ་ཤེས་བྱེད་རྒྱུའི་རེ་བ་ཡོད་ཚུལ་བསྟན་པ་རེད། 
         གསར་འགོད་པའི་འཆར་ཅན་གྱི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙའེ་ཡན་གྱིས་ཚེས་6ཉིན་འཇའ་མན་དུ་གཏམ་བཤད་སྤེལ་དུས་ཕྱེད་གླིང་གི་ཞི་བདེའི་བསམ་བཀོད་བཏོན་ཏེ། ཟླ་7པའི་ཟླ་མཇུག་ཏུ་དམག་སའི་མཚམས་ཀྱི་དགྲ་འཛིན་བྱ་སྤྱོད་ཁྱོན་ཡོངས་ནས་མཚམས་འཇོག་རྒྱུ་དང་། ད་ལོའི་ཟླ་མཆོད་དུས་ཆེན་སྐབས་ཁ་ཐོར་གྱི་ཁྱིམ་མི་ཕན་ཚུན་ཐུག་འཕྲད་སོགས་བྱེད་རྒྱུ་དང་། གལ་ཏེ་ཆ་རྐྱེན་འཛོམས་པ་དང་ཕྱེད་གླིང་གི་ཛ་དྲག་གནས་བབ་བསྒྱུར་བའི་གོ་སྐབས་ཀྱང་བྱུང་ན། ཅིན་ཀྲེང་ཨེན་དང་མཇལ་འཛོམས་བྱས་ནས། ཁོ་རེ་ཡ་བྱང་མ་དང་མཉམ་དུ་ཉིང་རྡུལ་གྱི་གནད་དོན་དང་ཞི་བདེའི་ཆིངས་ཡིག་སོགས་ཕྱོགས་གཉིས་པོས་ཐུན་མོང་དུ་སེམས་ཁུར་བྱེད་པའི་གནད་དོན་ཡོངས་རྫོགས་གྲོས་མོལ་བྱེད་འདོད་ཡོད་ལུགས་བརྗོད་པ་རེད། དེའི་ཐད་ལ་ཀྲུང་གོ་ཕྱོགས་ལ་ལྟ་ཚུལ་གང་ཡོད་དམ་ཅེས་དྲིས་པ་ལ།
         ཀེང་ཧྲོང་གིས"ང་ཚོས་འབྲེལ་ཡོད་ཀྱི་གནས་འཕྲིན་ལ་དོ་སྣང་བྱུང"བཤད་པ་དང་། ལྷོ་ཁོ་རེ་ཡས་ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་དང་། ཕྱེད་གླིང་གི་གནས་བབ་ལེགས་སྒྱུར། ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་སྲིད་ཇུས་ཀྱི་བསམ་བཀོད་ཁ་གསལ་བཏོན་པ་མ་ཟད་དགེ་མཚན་ལྡན་པའི་ཆ་འཕྲིན་སྤེལ་བའི་ཐད་ལ། ཀྲུང་གོའི་ཕྱོགས་ནས་དགའ་བསུ་ཞུ་རྒྱུ་ཡིན་ལུགས་བསྟན་པ་རེད།  
         ཀེང་ཧྲོང་གིས། ཀྲུང་གོ་ཕྱོགས་ནས་ཕྱེད་གླིང་ལྷོ་བྱང་ཕྱོགས་གཉིས་པོ་གླེང་མོལ་གྱི་ཐོག་ནས་ཕན་ཚུན་འབྲེལ་བ་ལེགས་བཅོས་ཡོང་རེ་ཡོད་ལུགས་བསྟན་པ་དང་། ལྷོ་བྱང་གཉིས་པོས་ཕན་ཚུན་བསམ་ཤེས་བཟང་པོ་བྱེད་རེས་ཐོག་ནས་ཞི་བདེ་མཉམ་ལས་ལ་སྐུལ་སྤེལ་བཏང་སྟེ། ཕྱེད་གླིང་གི་ཛ་དྲག་ཆེ་བའི་གནས་ཚུལ་ཞི་ལྷོད་དང་། ཕྱེད་གླིང་གི་ཞི་བ་དང་གཏན་ལྷིང་སྲུང་ཕྱིར་ནུས་པ་དགེ་མཚན་ལྡན་པ་འདོན་རེ་ཡོད་ལུགས་བསྟན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།