འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་མཐོ་སྒང་གི"གནའ་བོའི་ཕོ་བྲང་ཆུང་ཆུང"དུ་གྲགས་པའི་གྲོ་ཚང་དགོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་བོད་མཐོ་སྒང་གི'གནའ་བོའི་ཕོ་བྲང་ཆུང་ཆུང'དུ་གྲགས་པའི་གྲོ་ཚང་དགོན་པ།
         མི་དམངས་དྲ་བའི་འཕྲིན། སྔར་ནས་བཟུང་མདོ་དབུས་མཐོ་སྒང་གི"གནའ་བོའི་ཕོ་བྲང་ཆུང་ཆུང"ཞེས་སྙན་གྲགས་ཁྱབ་པའི་གྲོ་ཚང་དགོན་པ་ནི། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་གྲོ་ཚང་གྲོང་རྡལ་དུ་ཆགས་ཡོད་ཅིང་། དེ་ནི་མིང་རྒྱལ་རབས་ཧུང་ཨུ་རྒྱལ་པོའི་སྐབས་སུ་བཏབ་པ་དང་། ཁག་གཉིས་པའི་རྒྱལ་ཡོངས་ཀྱི་རིག་དངོས་རྩ་ཆེན་སྲུང་སྐྱོང་བྱ་ཡུལ་དང་། སྙན་གྲགས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ་600ལྷག་གི་ལོ་རྒྱུས་ལྡན་པ་རེད།
         གྲོ་ཚང་དགོན་པ་ནི་རྩ་ཆེ་བའི་རིག་དངོས་དང་དེ་བཞིན་ཚོན་ལྡན་ལྡེབས་རིས་ཆེན་པོ་ཡོད་པ་ལས་སྙན་གྲགས་ཁྱབ་ཡོད་པ་དང་། དགོན་པ་འདི་ནི་རྒྱ་ནག་གི་ཕོ་བྲང་རྩིག་བཟོས་་ལྟ་བུ་བཞེངས་ཡོད་པ་སྟེ། ཁྱོན་བསྡོམས་སྒོ་ར་མདུན་མ་དང་། དབུས་མ། རྒྱབ་མ་གསུམ་ཡོད་པ་དང་། ལྷ་ཁང་གཙོ་བོ་དག་དཀྱིལ་རྩིབས་ཐིག་ཏུ་རེ་རེ་བཞིན་བཏབ་ཡོད་ཅིང་། ཕྱོགས་གཉིས་སུ་ཁྱམས་སྐོར་དང་གཞོགས་སྦྱར་ལྷ་ཁང་ཆ་འགྲིག་བཏབ་ཡོད་པ་དང་། སྤྱིའི་བཀོད་པ་དང་བཟོ་བཀོད་ཁྱད་ཆོས་ནི་པེ་ཅིང་གི་གནའ་བོའི་ཕོ་བྲང་དང་འདྲ་མཚུངས་ཡིན་ཞིང་། ཀྲུང་གོའི་ནུབ་བྱང་ས་ཁུལ་དུ་སྲུང་སྐྱོང་ཆེས་ཆ་ཚང་ཞིང་གཞི་རྒྱ་ཧ་ཅང་ཆེ་བའི་མིང་རྒྱལ་རབས་ཀྱི་དགོན་པའི་བཟོ་བཀོད་ཞིག་རེད། དགོན་པ་དེ་ས་ཁུལ་དབེན་གནས་སུ་ཆགས་པའི་རྐྱེན་གྱིས། གྲོ་ཚང་དགོན་པ་ནི་ལོ་མང་རིང་ལ"རི་ཁྲོད་དུ་གནས་ཤིང་ཤེས་མཁན་དཀོན་པ"རེད། ཉེ་བའི་ལོ་འགའི་རིང་ལ། ས་གནས་དེ་གའི་སྲིད་གཞུང་གིས་ཡུལ་སྐོར་ལས་རིགས་གསར་གཏོད་བྱས་པ་དང་ཆབས་ཅིག་གྲོ་ཚོ་དགོན་པ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ཀྱི་ཡུལ་སྐོར་གནས་མཆོག་གལ་ཆེན་ཞིག་ཏུ་གྱུར་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།མཚོ་བོད་མཐོ་སྒང་གི'གནའ་བོའི་ཕོ་བྲང་ཆུང་ཆུང'དུ་གྲགས་པའི་གྲོ་ཚང་དགོན་པ།
      

    ཕྱོགས་བསྡུས་གསར་འགྱུར།