འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འགག་གསུམ་ལས་གྲྭའི་ཇུས་འགོད་རིགས་གཅིག་མཁས་ཅན་ཀྲེན་ཧྲའུ་རེན་ལ་རྒྱལ་སྤྱིའི་ཆུ་
    རགས་ཨུ་ལྷན་གྱི་ཚེ་གང་གྲུབ་འབྲས་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན། གསར་འགོད་པར་ཆུ་བེད་པུའུ་འབྲི་ཆུ་ཆུ་བེད་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་8ཉིན་ཅེ་ཁེའི་གྲོང་ཁྱེར་ཕུ་རག་ཏུ་འཚོགས་པའི་རྒྱལ་སྤྱིའི་ཆུ་རགས་ཆེ་མོ་ཨུ་ལྷན་གྱི་སྐབས་85པའི་ལག་བསྟར་ཚོགས་འདུའི་ཐོག་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་ཀྲེན་ཧྲའུ་རེན་ལ་རྒྱལ་སྤྱིའི་ཆུ་རགས་ཨུ་ལྷན་གྱི་ཚེ་གང་གྲུབ་འབྲས་བྱ་དགའ་ཐོབ་པ་རེད། 1994ལོ་ནས་བཟུང་ཀྲེན་ཧྲའུ་རེན་གྱིས་འབྲི་ཆུ་ཆུ་བེད་ཨུ་ལྷན་གྱི་སྤྱི་ཁྱབ་བཟོ་བཀོད་ཆེ་མོ་བའི་འགན་འཁུར་བ་དང་སྦྲགས། དུས་ཡུན་རིང་པོའི་ནང་འགག་གསུམ་ལས་གྲྭའི་ཇུས་འགོད་ལས་དོན་གྱི་འགན་འཁུར་བ་རེད།
         བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག རྒྱལ་སྤྱིའི་ཆུ་རགས་ཨུ་ལྷན་གྱི་ཀྲུའུ་ཞི་ཨན་ཏུང·སི་ལའེ་སིས་ཡོན་ཧྲེ་ཀྲེན་ཧྲའུ་རེན་གྱིས་ཀྲུང་གོ་དང་འཛམ་གླིང་གི་ཆུ་རགས་འཕེལ་རྒྱས་ཐད་ཕུལ་བའི་ཁྱད་དུ་འཕགས་པའི་ལེགས་སྐྱེས་ལ་ཚད་མཐོའི་བསྔགས་བརྗོད་གནང་བ་དང་། ཁོང་གིས་ཆུ་བེད་ཆུ་གློག་ལས་ཀ་བྱས་ནས་ལོ་50ལྷག་རིང་ཆུ་རགས་ཀྱི་ལག་རྩལ་ལ་བརྩོན་པ་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་བཟོ་བོའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་པ་མ་ཟད། ཁོང་གིས་ཀྲུང་གོའི་ཆུ་མཛོད་ཆུ་རགས་འཛུགས་སྐྲུན་ལག་རྩལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐོབ་པའི་འབུར་དུ་ཐོན་པའི་གྲུབ་འབྲས་དང་དེ་བཞིན་ཆུ་མཛོད་ཆུ་རགས་ཐད་ཀྱི་སྤྱི་དམངས་ཀྱི་ངོས་འཛིན་དང་ཤེས་བྱ་རྒྱུན་འཛིན་སོགས་ཐད་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།