འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་རོན་ཕུ་དང་ཕུའུ་ཅིང་ཐུག་འཕྲད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐེ་རོན་ཕུ་དང་ཕུའུ་ཅིང་ཐུག་འཕྲད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་འཇར་མན་གྱི་ཧན་པའོ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་རིང་སྒོ་རྒྱག་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་པོས་སི་རི་ཡ་དང་ཡུག་རེན་སོགས་ས་ཁུལ་གྱི་དུས་བབ་དང་དེ་བཞིན་དྲ་རྒྱའི་བདེ་འཇགས་སོགས་ཀྱི་གནད་དོན་ཐད་གླེང་མོལ་བྱས་ཡོད། དེ་རྗེས་ཕྱོགས་གཉིས་པོའི་དཔོན་རིགས་ཀྱིས་ཨ་རི་དང་། ཨུ་རུ་སུ། ཅོར་ཏན་བཅས་རྒྱལ་ཁབ་གསུམ་པོས་སི་རི་ཡའི་ལྷོ་ནུབ་རྒྱུད་ཀྱི་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་ཡོད་ཅེས་བརྗོད་པ་རེད། གོང་གི་པར་རིས་ནི་འཇར་མན་གྱི་ཧན་པའོ་རུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་(གཡས་)དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གླེང་མོལ་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།