འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱིར་སྡོད་དང་ཕྱི་ཁོངས་བོད་རིགས་སྤུན་ཟླའི་བུ་ཕྲུག་ཚོས་སི་ཁྲོན་བོད་ཁུལ་འཕེལ་རྒྱས་ཀྱི་
    རྣམ་པར་ལྟ་སྐོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕྱིར་སྡོད་དང་ཕྱི་ཁོངས་བོད་རིགས་སྤུན་ཟླའི་བུ་ཕྲུག་ཚོས་སི་ཁྲོན་བོད་ཁུལ་འཕེལ་རྒྱས་ཀྱི་
རྣམ་པར་ལྟ་སྐོར་བྱས་པ།
          མི་དམངས་དྲ་བའི་འཕྲིན། 2017ལོའི་ཕྱིར་སྡོད་དང་ཕྱི་ཁོངས་བོད་རིགས་སྤུན་ཟླའི་བུ་ཕྲུག་ཚོ"ཀྲུང་གོར་མེས་པོ་འཚོལ་བར་སྐྱོད་པ"ཞེས་པའི་དབྱར་སྒར་སི་ཁྲོན་སྒར་ས་ཟླ་6ཚེས་27ཉིན་ནས་སྤེལ་འགོ་ཚུགས་པ་ནས་བཟུང་། ཨ་རི་དང་བལ་ཡུལ་གྱི་ཕྱིར་སྡོད་དང་ཕྱི་ཁོངས་བོད་རིགས་སྤུན་ཟླའི་བུ་ཕྲུག་བཅུ་ལྷག་གིས་ཁྲེང་ཏུའུ་གྲོང་ཁྱེར་གྱི་དོམ་ཁྲ་རྟེན་གཞི་དང་། ཝུའུ་ཧོའུ་ལྷ་ཁང་། ཆིན་ཁྲེང་ཧྲན་རི་བོ་སོགས་སུ་ཡུལ་སྐོར་སློབ་སྦྱོང་བྱས་རྗེས། ཟླ་7ཚེས་2ཉིན་ལ་དཀར་མཛེས་ཁུལ་དུ་ལྟ་སྐོར་འཚམས་འདྲི་བྱེད་པར་བསྐྱོད་པ་རེད།
           ཕྱིར་སྡོད་དང་ཕྱི་ཁོངས་བོད་རིགས་སྤུན་ཟླའི་བུ་ཕྲུག་ཚོས་དཀར་མཛེས་བོད་ཁུལ་གྱི་ལྷ་སྒང་དགོན་པ་དང་། སི་ཁྲོན་དཀར་མཛེས་ཁུལ་གྱི་རྟེན་རྫས་བཤམས་མཛོད་ཁང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ཁུལ་སྨན་ཁང་བཅས་སུ་ལྟ་སྐོར་བྱས་ཤིང་། སི་ཁྲོན་བོད་ཁུལ་གྱི་ཆོས་ལུགས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་དཀར་མཛེས་ཁུལ་གྱི་ལོ་རྒྱུས་དང་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ཤེས་རྟོགས་བྱས་པ་རེད།
           ཕྱིར་སྡོད་དང་ཕྱི་ཁོངས་བོད་རིགས་སྤུན་ཟླའི་བུ་ཕྲུག་ཚོས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་བོད་ཀྱི་གསོ་རིག་རིག་གནས་དང་ཐང་ག་ཁྲིད་སྦྱོང་གི་ད་ཡོད་གནས་ཚུལ་མཐོང་སྐབས། སློབ་གྲྭ་དེ་ཡིས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཐད་འབད་བརྩོན་བྱས་ཚུལ་ལ་ཧ་ལས་ཤིང་། ཁོང་ཚོས་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་པ་མ་ཟད། ད་དུང་རང་ཉིད་ཀྱིས་འབད་བརྩོན་བྱེད་པར་བརྟེན་ནས་མི་རིགས་ཀྱི་བསམ་པའི་རིག་གནས་དར་སྤེལ་གོང་འཕེལ་གཏོང་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཕྱིར་སྡོད་དང་ཕྱི་ཁོངས་བོད་རིགས་སྤུན་ཟླའི་བུ་ཕྲུག་ཚོས་སི་ཁྲོན་བོད་ཁུལ་འཕེལ་རྒྱས་ཀྱི་
རྣམ་པར་ལྟ་སྐོར་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།