འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དང་། བོད། ཀན་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་ལྷ་མོའི་
    འཛིན་གྲྭའི་སློབ་མས་མཚོ་སྔོན་དུ་གཅིག་སྡུད་སློབ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་2016ལོའི་ལོ་འཁོར་གྱི་སྒྱུ་རྩལ་གྱི་ཤེས་ལྡན་པ་གསོ་སྦྱོང་ལ་རོགས་དངུལ་སྤྲོད་པའི་རྣམ་གྲངས“ཨ་མདོ་ལྷ་མོའི་གསོ་སྦྱོང་འཛིན་གྲྭ”ཉེ་ཆར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་དུ་སློབ་འགོ་ཚུགས་པ་དང་། མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་སློབ་མ་40ལྷག་ཙམ་དེར་གཅིག་སྡུད་སྦྱོང་བརྡར་བྱ་རྒྱུ་རེད།
         ཤེས་རྟོགས་བྱུར་བར་གཞིགས་ན། མིག་སྔར་ཀྲུང་གོའི་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་ལ་ཞིང་ཆེན་རིམ་པའི་ལྷ་མོའི་ཟློས་གར་ཚོགས་པ་གསུམ་ཡོད་པ་ལས། མཚོ་སྔོན་ཞིང་ཆེན་ལྷ་མོ་ཚོགས་པ་དང་ཀན་སུའུ་ཞིང་ཆེན་ལྷ་མོ་ཚོགས་པ་སྤྱིར་ཨ་མདོའི་ལྷ་མོའི་རིགས་ཀྱི་ཆེད་ལས་ཚོགས་པའི་ཁོངས་སུ་གཏོགས་པ་དང་ཨ་མདོའི་ལྷ་མོ་འཁྲབ་སྟོན་བྱེད་མཁན་གྱི་དམངས་ཁྲོད་ཟློས་གར་ཚོགས་པ་60ལྷག་ཙམ་ཡོད་པས་དེ་དག་གཙོ་བོ་གྲོང་སྡེ་དང་། དགོན་སྡེ། སློབ་གྲྭ་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་ཚོགས་པ་སོགས་ལས་གྲུབ་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།