འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས་《རྒྱ་བཟའ་ཀོང་ཅོ་》གློག་བརྙན་དུ་ཕབ་
    སྐྲུན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས་《རྒྱ་བཟའ་ཀོང་ཅོ་》གློག་བརྙན་དུ་ཕབ་
སྐྲུན་བྱ་རྒྱུ་ཡིན་པ།
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། 《རྒྱ་བཟའ་ཀོང་ཅོ་》གློག་བརྙན་མཉམ་འབྲེལ་ཕབ་སྐྲུན་གྲོས་མཐུན་གྱི་མིང་རྟགས་འགོད་པའི་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་དུ་གཉེར་ཞིང་། མིང་རྟགས་འགོད་མཁན་ནི་ཡུས་ཧྲང་ཧོ་མེ་ཚོགས་པའི་ཁོངས་གཏོགས་ཀྱི་བོད་ལྗོངས་ཡུས་ཧྲང་ཧོ་མེ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་སི་དང་ན་གཞོན་གློག་བརྙན་ཕབ་སྐྲུན་བཟོ་གྲྭ་གཉིས་ཀ་རེད།
           ཤེས་རྟོགས་བྱུང་གསལ་དུ། ཐེངས་འདིའི་ཡུས་ཧྲང་ཧོ་མེ་ཚོགས་པ་དང་ན་གཞོན་གློག་བརྙན་ཕབ་སྐྲུན་བཟོ་གྲྭ་གཉིས་ཀྱིས་མཉམ་ལས་བྱས་ནས་ཐུན་མོང་ཐོག་མ་རྩ་ཁྱོན་བསྡོམས་སྒོར་དུང་ཕྱུར་2བཏང་སྟེ་《རྒྱ་བཟའ་ཀོང་ཅོ་》ཞེས་པའི་གློག་བརྙན་ཕབ་སྐྲུན་བྱ་རྒྱུ་ཡིན་པ་དེས་《རྒྱ་བཟའ་ཀོང་ཅོ་》ཡི་ཚོང་རྟགས་གྲགས་ཅན་གྱི་བག་ཆགས་འཇོག་ནུས་རྒྱུན་མཐུད་བྱ་རྒྱུའི་དམིགས་ཡུལ་ཡིན་པ་ཕུད། ཡུས་ཧྲང་ཧོ་མེ་ཚོགས་པའི་རིག་གནས་ཡུལ་སྐོར་དང་འཁྲབ་སྟོན་སྒྱུ་རྩལ་ཐོན་ལས་ཕུད་པའི་ཐོན་ལས་བཀོད་སྒྲིག་བྱེད་ཚུལ་སྣ་མང་ཅན་གྱི་ཚོད་ལྟ་ཞིག་ཀྱང་རེད།
          བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས་《རྒྱ་བཟའ་ཀོང་ཅོ་》ནི་དེང་དུས་ཀྲུང་གོའི་གནས་ས་མཐོ་ཤོས་དང་། གཞི་རྒྱ་ཆེ་ཤོས། རྣམ་པ་ལྷུན་སྡུག་ཆེ་ཤོས། སྐར་ཚོགས་མཛེས་ཤོས་བཅས་ཀྱི་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཕུལ་བྱུང་ཞིག་ཡིན་ལ། དེ་ཡིས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་མངོན་འགྱུར་བྱས་པས། བོད་སྐྱོད་ཡུལ་སྐོར་གྱི་ཚད་ལྡན་སྒྲིག་བཀོད་ཅིག་དང་བོད་ཀྱི་རིག་གནས་ཀྱི་ཡུལ་སྐོར་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།
    ༄༅།།ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས་《རྒྱ་བཟའ་ཀོང་ཅོ་》གློག་བརྙན་དུ་ཕབ་
སྐྲུན་བྱ་རྒྱུ་ཡིན་པ།
    ༄༅།།ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས་《རྒྱ་བཟའ་ཀོང་ཅོ་》གློག་བརྙན་དུ་ཕབ་
སྐྲུན་བྱ་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།