འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་ཀྱིས་སྟོངས་ལ་ཉེ་བའི་བོད་སྨན་སྨན་རྩྭ་དབང་ལག་
    སྲུང་སྐྱོང་དང་གསར་སྤེལ་ལ་ཕན་པ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྒྲུབ་འགན་འཁུར་བའི་རྩ་ཆེའི་བོད་སྨན་སྨན་རྩྭ་དབང་ལག་གི་ཞིབ་འཇུག་ལ་ཉེ་དུས་གྲུབ་འབྲས་གསར་པ་ཐོབ་ཅིང་། ཚན་ཞིབ་མི་སྣས་དབང་ལག་གི་རླམ་རྩ་དང་རླམ་སྲིན་གྱིས་འབྲས་སྐྲན་དང་རྒན་རྒོན་གྱི་བརྗེད་ནད་ལ་སྔོན་འགོག་གི་ནུས་པ་མངོན་གསལ་དོད་པོ་ཡོད་པ་ཤེས་པ་དང་ད་དུང་འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་ལས་དབང་ལག་གི་ཐོན་ཁུངས་ལ་སྲུང་སྐྱོང་དང་ལུགས་མཐུན་སྤྱོད་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།
          “ཞིབ་འཇུག་གི་གྲུབ་འབྲས་དེ་ལས་ང་ཚོས་འབྲས་སྐྲན་དང་རྒན་རྒོན་གྱི་བརྗེད་ནད་འགོག་པའི་སྨན་རྫས་ཀྱི་རྒྱུ་ཆ་བཟོ་བའི་གནད་དོན་རིམ་གྱིས་ཐག་གཅོད་ཐུབ་རྒྱུ་ཡིན་པ་མཚོན་ཐུབ། སླད་ཕྱིན་ཚོད་ལྟ་ཁང་དུ་རླམ་རྩ་དང་རླམ་སྲིན་འདེབས་གསོ་བྱས་པ་བརྒྱུད་རྒྱུ་ཆ་ཐོབ་ཐབས་བྱ་ཆོག་པས་དབང་ལག་འབོར་ཆེན་འཐུ་དགོས་མེད”ཅེས་མཚོ་སྔོན་མི་རིགས་སློབ་ཆེན་སྨན་རྫས་སློབ་གླིང་གི་ཡོན་ཀྲང་ལིན་ཕོང་ཁྲེང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།