འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གློག་སྤྱོད་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་ཀྱི་གློག་དྲའི་གློག་སྤྱོད་ཐེག་ཚད་ལོ་བསྟུད་མར་ཟིན་ཐོ་གསར་པ་གཏོད་བཞིན་ཡོད་པ་དང་2016ལོར་ལྗོངས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་22%འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
         གློག་སྤྱོད་ཚད་མགྱོགས་མྱུར་འཕར་བ་དེ་རང་ལྗོངས་ཀྱི་གློག་ཁུངས་དང་གློག་དྲ་འཛུགས་སྐྲུན་དུས་མཉམ་དུ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚོ་བོད་དང་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དང་ལྗོངས་ནང་ཁུལ་གྱི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་རུ་ཤུགས་ཆེན་འགྲོ་བ་དང་བསྟུན་ནས་2014ལོར་དགུན་དཔྱིད་གཉིས་སུ་གློག་དཀོན་པའི་དཀའ་ངལ་རྦད་དེ་བསལ་བ་དང་2015ལོ་ནས་བཟུང་གློག་ཤུགས་ཕྱིར་གཏོང་མངོན་འགྱུར་བྱུང་ཡོད། དེ་དང་དུས་མཚུངས། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་མགྱོགས་མྱུར་སྐུལ་འདེད་བཏང་བས་2016ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རྫོང་59གློག་དྲ་གཙོ་བོའི་ཁྱབ་ཁོངས་སུ་བཅུག་པ་དང་གློག་མཁོ་སྤྲོད་བྱེད་ཚད་མི་འབོར་ཁྲི་220ཟིན་ཡོད། གཞན་ཡང་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་གློག་གིས་ཚབ་བྱེད་ལས་གྲྭ་ཤུགས་ཆེན་ལག་ལེན་བསྟར་བ་དང་2016ལོ་བར་རིམ་རྩིས་བྱས་ན་ཚབ་བྱེད་གློག་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.42ཟིན་གྱི་ཡོད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱིས“གློག་རླངས་ཅན་གྱི་བོད་ལྗོངས”བསྐྲུན་པར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་འབྱུང་རྩ་ནས་ས་མཐོའི་གནམ་སྔོ་ཆུ་དྭངས་སྲུང་སྐྱོང་བྱས་ཏེ་སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བྱ་རྒྱུ་རེད། གློག་གིས་ཚབ་བྱེད་རྣམ་གྲངས་ལ་སྔོན་དཔག་ལྟར་ན་མ་དངུལ་བསྡོམས་སྒོར་དུང་ཕྱུར་21.96བཏང་བ་དང་གཙོ་བོ་ཨར་སྐྲུན་དང་། འགྲིམ་འགྲུལ། ཁྱིམ་གྱི་འཚོ་བ་སོགས་ཁྱབ་ཁོངས་ལ་ཁྱབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།