འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སོ་ནམ་པ་ཚོས་འོང་སྐོར་བཏང་ནས་ལོ་ལེགས་ཡོང་བར་སྨོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་སོ་ནམ་པ་ཚོས་འོང་སྐོར་བཏང་ནས་ལོ་ལེགས་ཡོང་བར་སྨོན་པ།
          མི་དམངས་དྲ་བའི་འཕྲིན། ཟླ་བདུན་པའི་གངས་ལྗོངས་མཐོ་སྒང་ནི་ཆར་ཆུ་འབེལ་ལ་ཉི་འོད་ཆེ་བའི་དུས་ཤིག་རེད། འོང་ཁའི་སྙེ་མ་རེ་རེ་ཡང་མགོ་བོ་ལྗིད་ཏིག་ཏིག་ཏུ་སྣང་ལ། བསིལ་རླུང་དང་སྡེབས་ནས་སྙེ་མའི་རྦ་རླབས་འཕྱུར་བཞིན་པ་དེ་ནི་སོ་ནམ་པའི་སེམས་ཁོངས་ཀྱི་བདེ་སྐྱིད་ཆུ་རིས་དང་གཉིས་སུ་མ་མཆིས།
          ཡུལ་ཕྱོགས་གང་དུའང་སྙེ་མའི་དྲི་གསུང་འཐུལ་བའི་དུས་ཚིགས་འདི་ལ། བོད་ལྗོངས་ཀྱི་སོ་ནམ་ཁུལ་གཙོ་བོ་དག་ཏུ་ལོ་རེར་འོང་སྐོར་ཐེངས་རེ་གཏོང་བའི་དུས་དང་འཁེལ་ཞིང་། སོ་ནམ་པ་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་ཆོས་དཔེ་འཁུར་ནས་འོང་ཁ་སྐོར་བ་དང་། ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་ཡོང་བའི་གསོལ་སྨོན་འདེབས་བཞིན་ཡོད་པ་རེད།
          ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནི་བོད་ལྗོངས་ཀྱི་མཐའ་མཚམས་རྫོང་ཞིག་ཡིན་ལ། དེ་ནི་འོང་སྐོར་ཡང་གཏོང་སྔ་བའི་ས་ཆ་ཞིག་ཡིན་པ་རེད།  ཟླ་7ཚེས་7ཉིན་གྱི་ཞོགས་པར། ས་བབ་ཀྱི་མཐོ་ཚད་ལ་སྨི་4000ཙམ་ཟིན་པའི་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་གྱི་མང་མཚོ་གྲོང་ཚོ་རུ། གཟབ་མཆོར་སྤྲས་པའི་སོ་ནམ་པ་ཚོས་གནའ་བོའི་འགྱུར་ཁུགས་སྙན་མོ་ངག་ཏུ་གྱེར་ནས་འོང་སྐོར་གཏོང་བཞིན་ཡོད་པ་རེད།
    ༄༅།།བོད་ལྗོངས་ཀྱི་སོ་ནམ་པ་ཚོས་འོང་སྐོར་བཏང་ནས་ལོ་ལེགས་ཡོང་བར་སྨོན་པ།
    ༄༅།།བོད་ལྗོངས་ཀྱི་སོ་ནམ་པ་ཚོས་འོང་སྐོར་བཏང་ནས་ལོ་ལེགས་ཡོང་བར་སྨོན་པ།
      

    ཕྱོགས་བསྡུས་གསར་འགྱུར།