འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་གསར་པ་པཱ་ཐེ་ཐུ་ལེ་ཀ་ཡིས་འགན་བཞེས་དམ་བཅའ་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་གསར་པ་པཱ་ཐེ་ཐུ་ལེ་ཀ་ཡིས་འགན་བཞེས་དམ་བཅའ་བཞག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་གསར་པ་པཱ་ཐེ་ཐུ་ལེ་ཀ་ཡིས་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་རྒྱལ་ཁབ་ཕོ་བྲང་དུ་འགན་བཞེས་དམ་བཅའ་བཞག་པ་རེད།
         མོང་གོལ་རྒྱལ་ཁབ་ཀྱི་ཏ་ཧུའུ་ལར་(དབྱི་ཧུའུ་གྲོས་ཚོགས་)གྱི་ཀྲུའུ་ཞི་ཨེན་ཧོ་པའོ་ལེ་ཏེ་ཡིས་ཉིན་དེའི་འགན་བཞེས་མཛད་སྒོར་གཙོ་སྐྱོང་གནང་ཞིང་། པཱ་ཐེ་ཐུ་ལེ་ཀ་ཡིས་ལག་པ་མོང་གོལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བཞག་ནས་དམ་བཅའ་བཞག་པ་དང་། དེ་ནས་ཙུང་ཐུང་ཟུར་པ་དགེ་ལེགས་དཔལ་རྡོ་རྗེའི་ལག་ནས་མོང་གོལ་རྒྱལ་ཁབ་ཙུང་ཐུང་གི་དབང་ཆ་མཚོན་བྱེད་ཀྱི་གཡང་ཊིའི་ཐམ་ག་བླངས་པ་མ་ཟད་གཏམ་བཤད་ཀྱང་སྤེལ་བ་རེད།
         པཱ་ཐེ་ཐུ་ལེ་ཀ་ཡིས་དབུལ་ཕོངས་དང་ལས་ཤོར་གྱིས་མོང་གོལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་གཏོང་གི་ཡོད་པ་རེད། ཁོང་གིས་དབྱི་ཧུའེ་གྲོས་ཚོགས་དང་མཉམ་དུ་མི་དམངས་རྣམས་དབུལ་ཕོངས་ལས་གང་མགྱོགས་སྒྲོལ་བ་དང་། ལས་ཤོར་ལས་ཐར་བར་བྱེད་རྒྱུ་ཡིན་ཞེས་བཤད་པ་དང་། ཁོང་གིས་ད་དུང་མོང་གོལ་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་གཉིས་ཏེ་ཀྲུང་གོ་དང་ཨུ་རུ་སུ་དང་ཕྱོགས་ཡོངས་ནས་ཞི་བདེ་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།