འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེ་རྒྱལ་ཁབ་ཀྱི་དབྱི་སི་ལན་ཆོས་ཁང་ཞིག་གི་ཉེ་འགྲམ་དུ་མེ་མདའ་བརྒྱབ་པའི་དོན་
    རྐྱེན་བྱུང་ནས་མི་8ལ་རྨས་སྐྱོན་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན་གྱི་དགོང་མོར། ཧྥ་རན་སེ་རྒྱལ་ཁབ་ཤར་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཨ་ཝེ་ཉི་ཝུང་གི་དབྱི་སི་ལན་ཆོས་ཁང་ཞིག་གི་མདུན་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་བ་དང་། དོན་རྐྱེན་དེའི་ཁྲོད་དུ་མི་8ལ་རྨས་སྐྱོན་ཡང་མོ་ཕོག་ཡོད་པ་རེད། ས་གནས་དེ་གའི་ཞིབ་དཔྱོད་ཕྱོགས་ཀྱིས་འཇིགས་སྐུལ་འཇབ་རྒོལ་ཡིན་སྲིད་པ་ཕྱིར་འབུད་བྱས་པ་རེད།
         ས་གནས་དེ་གའི་སྨྱན་སྦྱོར་ལས་ཁུངས་ཀྱིས་མཐོང་མཁན་གྱི་བཤད་ཚུལ་གནས་འཕྲིན་སྤེལ་བ་སྟེ། ཉིན་དེའི་དགོང་མོའི་ཆུ་ཚོད་10དང་སྐར་མ་30ཡས་མས་སུ། ཉུང་མཐའ་ཡང་སྐྱེས་པ་གཉིས་རླངས་འཁོར་ལས་བབས་ཏེ་མི་རྣམས་ལ་མེ་མདའ་བརྒྱབ་པ་དང་། དེ་མིན་མཐོང་མཁན་གཞན་ཞིག་གིས་རླངས་འཁོར་ཐོག་མི་4ཡོད་ཅིང་། ཚང་མས་ངོ་གདོང་བཀབ་འདུག་ཅེས་བཤད་པ་རེད། 
         གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཞིབ་དཔྱོད་ཕྱོགས་ཀྱིས་མི་འདི་ཚོའི་དམིགས་འབེན་ནི་དབྱི་སི་ལན་གྱི་ཆོས་ཁང་མ་རེད། མེ་མདའ་བརྒྱབ་པའི་དོན་རྐྱེན་ནི་དབྱི་སི་ལན་ཆོས་ཁང་ཉེ་འདབས་ཀྱི་ཁྲོམ་ལམ་དུ་བྱུང་བ་དང་། དེ་ཡང་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།