འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གྱི་སློབ་ཐོན་སློབ་མ་གཞི་རིམ་དང་ནུབ་རྒྱུད་དུ་ལས་
    ཞུགས་བྱེད་པར་སྐྱོད་མཁན་སྔོན་མ་ལས་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་ནས་ཟླ་7ཚེས་2ཉིན། གསར་འགོད་པར་པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། སློབ་གྲྭ་དེ་གཉིས་ཀྱི་2017ལོའི་སློབ་ཐོན་སློབ་མའི་ཁྲོད་སློབ་མ་ཆིག་སྟོང་ལྷག་གིས་གཞི་རིམ་དང་ནུབ་རྒྱུད་དུ་ལས་ཀར་བསྐྱོད་རྒྱུའི་གདམ་ག་བྱས་པ་དེས་སློབ་ཐོན་སློབ་མའི་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་སྔོན་མ་ལས་ཅུང་མང་དུ་ཕྱིན་ཡོད་པ་རེད།
         ཟླ་7ཚེས་1ཉིན་བར་ཆིང་ཧྭ་སློབ་ཆེན་གྱི་2017ལོའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95.3%ཟིན་པ་དང་ལས་ཞུགས་བྱེད་མཁན་སློབ་མ་བཅུ་ཆ་བདུན་ཙམ་རྒྱལ་ཁབ་ཀྱི་གཙོ་གནད་ཁེ་ལས་དང་བྱ་གཞག་ཚན་པར་ལས་ཀར་ཞུགས་ཡོད། ཕྱོགས་གསུམ་གྱི་ལས་ཞུགས་གྲོས་མཐུན་བཞག་པའི་སློབ་ཐོན་སློབ་མའི་ཁྲོད་56.9%ཡིས་པེ་ཅིང་མ་ཡིན་པའི་ས་ཁུལ་གཞན་དག་ཏུ་བསྐྱོད་པ་དང་། ལོ་5བསྟུད་མར་སློབ་ཐོན་སློབ་མ་ཕྱེད་ཀ་ཡན་པེ་ཅིང་མ་ཡིན་པའི་ས་ཁུལ་གཞན་དག་ཏུ་ལས་ཀར་བསྐྱོད་ཡོད། སློབ་ཐོན་སློབ་མ་17.5%ཡིས་མཐོ་སློབ་དང་ཚན་ཞིབ་ཚན་པར་བསྐྱོད་པ་དང་། མི་231གིས་གཞི་རིམ་སྤྱི་པའི་སྡེ་ཚན་དང་གན་རྒྱ་བཞག་པ། མི་གྲངས་329ནུབ་རྒྱུད་དང་བྱང་ཤར་ས་ཁུལ་དུ་ལས་ཀར་བསྐྱོད་ཡོད། “གཙོ་གནད་ཚན་པ་འདེམས་པ་དང་མེས་རྒྱལ་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བྱས་རྗེས་འཇོག་པར་བསྐྱོད་རྒྱུ”དེ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་གདམ་གའི་ཁ་ཕྱོགས་གཙོ་བོར་གྱུར་ཡོད།
         རིམ་རྩིས་བརྒྱབ་ན་2010ལོ་ནས་བཟུང་པེ་ཅིང་སློབ་ཆེན་གྱིས་ནུབ་རྒྱུད་དང་གཞི་རིམ་ས་ཁུལ་དུ་ཕུལ་བྱུང་སློབ་ཐོན་སློབ་མ་1700ལྷག་ཙམ་བཏང་ཡོད། མིག་སྔའི་བར་2017ལོའི་སློབ་ཐོན་སློབ་མའི་ཁྲོད་མི་གྲངས་450ཡིས་གཞི་རིམ་དང་ནུབ་རྒྱུད་ས་ཁུལ་དུ་ལས་ཀར་བསྐྱོད་པ་དང་མི་གྲངས་307གྱིས་ས་ཁུལ་ཁག་གི་གདམ་གསེས་སྐོང་འཐེན་སློབ་མ་དང་ཤེས་ལྡན་པ་ཆེད་མངགས་ནང་འདྲེན་གྱི་རྣམ་གྲངས་ནང་ཞུགས་པ་དེ་ན་ནིང་གི་དུས་མཚུངས་ལས་9.6%དང7%སོ་སོར་འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།