འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་པོ་ཧྲི་ཏོན་གྲོང་ཁྱེར་དུ་རླངས་འཁོར་ཞིག་མི་ཚོགས་དཀྱིལ་དུ་འཛུལ་ནས་མི་མང་
    པོར་རྨས་སྐྱོན་བཟོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་3ཉིན། ཨ་རིའི་མ་ས་ཀྲུའུ་སའེ་མངའ་སྡེ་ཡི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་རླངས་འཁོར་ཞིག་པོ་ཧྲི་ཏོན་གྲོང་ཁྱེར་ཁྲོམ་ལམ་འགྲམ་གྱི་མི་ཚོགས་དཀྱིལ་དུ་འཛུལ་ནས་མི་མང་པོར་རྨས་སྐྱོན་བཟོས་ཡོད་ཅེས་བརྗོད་པ་རེད། 
         མ་ས་ཀྲུའུ་སའེ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་ཐུའེ་ཐེ་འཕྲིན་དྲ་བའི་ཐོག་སྤེལ་བའི་འཕྲིན་ཏེ། རླངས་འཁོར་ཞིག་པོ་ཧྲི་ཏོན་གྲོང་ཁྱེར་ཤར་རྒྱུད་ལུའོ་ཀེང་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདེབས་ལམ་འགྲམ་གྱི་མི་ཚོགས་དཀྱིལ་དུ་འཛུལ་ནས་མི་མང་པོར་རྨས་སྐྱོན་བཟོས་ཡོད་པ་དང་། སྨྱན་སྦྱོར་ལས་ཁུངས་ཀྱིས་མི་10ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་པ་རེད།
         དོན་རྐྱེན་བྱུང་ས་དངོས་ཀྱི་བརྙན་ཟློས་ལ་གཞིགས་ན། དོན་རྐྱེན་བཟོས་པའི་རླངས་འཁོར་ནི་གླ་འཁོར་ཞིག་རེད། སྐབས་དེར་གནམ་གྲུ་ཐང་གི་ཉེ་འདབས་སུ་རླངས་འཁོར་ལ་སྡོད་མཁན་འགྲུལ་པ་སྒུག་གི་ཡོད་པ་དང་། དོན་རྐྱེན་བྱུང་དུས་གླ་འཁོར་མང་པོ་ཞིག་དོན་རྐྱེན་བྱུང་ཡུལ་དུ་འགྲུལ་པ་སྒུག་གི་ཡོད་པ་རེད།
         མ་ས་ཀྲུའུ་སའེ་མངའ་སྡེ་ཡི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཏ་ཝེ•ཕུ་ལུའོ་ཁོ་ཕི་ཨའོ་ཡིས་དོན་རྐྱེན་བཟོས་པའི་གླ་འཁོར་གྱི་ཁ་ལོ་བ་ནི་ལོ་56གི་སྐྱེས་པ་ཞིག་ཡིན་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དབང་དུ་བསྒྱུར་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།