འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།《གངས་རིན་པོ་ཆེ་》སྟེ་གློག་བརྙན་ཞིག་གི་གནས་མཇལ་ལམ་བུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།《གངས་རིན་པོ་ཆེ་》སྟེ་གློག་བརྙན་ཞིག་གི་གནས་མཇལ་ལམ་བུ།
         མི་དམངས་དྲ་བའི་འཕྲིན། 《གངས་རིན་པོ་ཆེ་》ཞེས་པའི་གློག་བརྙན་འདི་ནི་རྒྱ་རིགས་ཀྲང་དབྱང་གིས་འཁྲབ་ཁྲིད་གནང་ཞིང་། ཉི་མ་དགྲ་འདུལ་དང་། ཡར་འཕེལ། ཚེ་རིང་ཆོས་སྒྲོན་བཟོད་པ་རྒྱ་མཚོ་བཅས་གཙོ་འཁྲབ་མི་སྣ་ཡིན་པ་རེད། གློག་བརྙན་གྱི་ནང་དོན་ནི་ཕུ་ལ་སྡེ་བའི་སྡེ་མི་ཉི་མ་དགྲ་འདུལ་གྱིས་རང་གི་ཕ་འདས་རྗེས། ཕའི་བསམ་འདུན་འགྲུབ་པའི་ཆེད་དུ། རང་གི་ཨ་ཁུ་འཁྲིད་ནས་སྟོད་ཉི་མ་ལྷ་ས་དང་གནས་ཆེན་གངས་རིན་པོ་ཆེ་མཇལ་བར་བསྐྱོད་ཅིང་། ལོ་དེ་ནི་རྟ་ལོ་ཡིན་པ་དང་གནས་ཆེན་གངས་རིན་པོ་ཆེ་མཇལ་དུས་སྐབས་དང་ཁེལ་ཡོད་སྟབས། སྡེ་བའི་ནང་གི་མི་མང་པོ་ཞིག་ཉི་མ་དགྲ་འདུལ་གྱི་གནས་མཇལ་ཚོགས་པར་ཞུགས་འདོད་ཡོད་པ་རེད། གནས་མཇལ་ཚོགས་པའི་ནང་དུ་སྦྲུམ་མ་དང་ཤན་པ་ཡོད་ལ། ཆུང་དུས་ནས་རྐང་ལག་ཞྭ་བའི་ན་ཆུང་ཡང་ཡོད་པ་རེད། མི་ཚང་མར་རང་ཉིད་ཀྱི་གཏམ་རྒྱུད་མི་གཅིག་པ་རེ་ཡོད་ལ། དེ་དག་ལ་རང་ཉིད་ཀྱི་རེ་བ་རེ་རེའང་ཡོད་པ་རེད། གངས་རིན་པོ་ཆེ་མཇལ་དུ་བསྐྱོད་ཆེད། མི་བཅུ་གཅིག་ལས་གྲུབ་པའི་ཚོགས་པ་འདི་ལམ་བར་དུ་ལོ་གཅིག་འགོར་ཡོད་ཅིང་། གནས་མཇལ་ལམ་ཐག་ནི་སྤྱི་ལེ་2000ལྷག་ཙམ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།