འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་ཟླ་བདུན་པ་ནས་བཟུང་རྒྱལ་ཡོངས་
    སུ་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེ་མོ་བྱ་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས་ཟླ་7པ་ནས་ཟླ་10པའི་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེ་མོ་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་མི་མཐུན་པའི་ཁེ་ལས་ཁག་གཅིག་མེད་པར་བཟོ་བ་དང་། ཁ་དན་ཚིག་ལ་མ་གནས་པའི་ཁེ་ལས་ཁག་གཅིག་མཉམ་འབྲེལ་འཆུན་འདོམས་བྱེད་པ། འགན་འཁྲི་དོན་ལ་མི་འཁྱོལ་བ་དང་བྱེད་ཐབས་ནུས་ལྡན་མེད་པའི་ཚན་པ་དང་མི་སྒེར་ཁག་གཅིག་གི་འགན་འཁྲི་བདའ་འདེད་དང་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         དེའི་ནང་ཁེ་ལས་ངོས་ཀྱི་ཞིབ་བཤེར་ཁྱབ་ཁོངས་སུ་བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་ལག་བསྟར། བདེ་འཇགས་ཀྱི་ཉེན་ཁ་དོ་དམ་དང་ཚོད་འཛིན། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག འཕྲལ་སྡོམ་དོ་དམ་སོགས་ཚུད་ཡོད། སྲིད་གཞུང་ངོས་ཀྱི་ཞིབ་བཤེར་ཁྱབ་ཁོངས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། ཁྲིམས་འཛིན་ལ་ལྟ་སྐུལ་དོ་དམ་ནན་པོ། བདེ་འཇགས་དོགས་ཟོན་ལམ་ལུགས་དང་བྱེད་ཐབས་དོན་འཁྱོལ། ཆེད་དོན་བཅོས་སྒྲིག་གཏིང་ཟབ་སྤེལ་བ་སོགས་ཚུད་ཡོད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་ཟླ་དགུ་པར་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལ་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུའི་སྒྲིག་འཛུགས་བྱེད་པ་དང་དུས་མཚུངས་ས་གནས་ཁག་གིས་ཞིབ་བཤེར་ཆེ་མོའི་ལས་འགན་དང་བྱེད་ཐབས་ཁག་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་བསྡུར་བྱས་ཏེ་དཔྱད་བསྡུར་གྱི་འབྲས་བུ་2017ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས་ལོ་འཁོར་དཔྱད་ཞིབ་སྐར་གྲངས་ཀྱི་10%བཟུང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།