འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ལས་གཏོད་བྱས་ན་དངུལ་བུན་མང་ཤོས་སྒོར་ཁྲི་200གཡར་ཆོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན། བོད་ལྗོངས་ཀྱིས་དངུལ་རྩའི་སྲིད་ཇུས་བཏོན་ཏེ་སྤྱི་ཚོགས་ཀྱིས་ལས་གཏོད་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་དང་ལྕག་སྐུལ་བྱ་རྒྱུ་ཡིན་ཞིང་། མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གཏོང་རྒྱུའི་རེ་ཞུ་བྱེད་པའི་གྲངས་ཚད་མཐོ་ཤོས་ནི་སྒོར་ཁྲི་50ཡིན་པ་དང་ཐུན་མོང་ལས་གཏོད་ཀྱི་དངུལ་བུན་གྲངས་ཚད་རིམ་སྣོན་བྱེད་ཆོག ཡིན་ནའང་དངུལ་བུན་གཡར་ཚད་སྒོར་ཁྲི་200ལས་བརྒལ་གྱི་མེད།
        གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། གསར་དུ་ཡོངས་བསྒྲགས་བྱས་པའི་《ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དངུལ་རྩའི་ཞབས་ཞུའི་ལས་དོན་དེ་བས་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ནང་རོགས་སྐྱོར་བྱ་ཡུལ་དང་། ཞིབ་ཕྲའི་བརྒྱུད་རིམ། འབྲེལ་ཡོད་གྲངས་ཚད་སོགས་ཐད་ཀྱི་གཏན་འབེབས་དེ་བས་ཞིབ་ཕྲ་བྱས་ཡོད། ལས་གཏོད་ཁག་ཐེག་དངུལ་བུན་དང་། ཕྱུག་འགྱུར་སྣེ་ཁྲིད་པའི་དངུལ་བུན། སྲིད་གཞུང་ལས་སྟེགས་མཉམ་ལས་རིགས་ཀྱི་འབོར་ཉུང་དངུལ་བུན་སོགས་ཀྱི་ནང་དོན་སྔར་བས་ཞིབ་ཚགས་སུ་བཏང་ཡོད། མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གཡར་རྒྱུའི་རེ་འདུན་ཞུ་བར་བོད་ཀྱི་ཐེམ་ཐོ་དགོས་པ་དང་། དངུལ་བུན་གཡར་མཁན་ནི་མཉམ་སྡེབ་ལས་གཏོད་དམ་ཡང་ན་སྒྲིག་འཛུགས་བྱས་ཏེ་མཉམ་དུ་ལས་གཏོད་བྱེད་མཁན་ཡིན་དགོས་པ། དངུལ་བུན་གཡར་ཚད་མཐོ་ཤོས་སྒོར་ཁྲི་200ལས་བརྒལ་ཆོག་གི་མེད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གཡར་རྒྱུའི་རེ་ཞུ་བྱེད་སྐབས་རང་གྲབས་མ་དངུལ་གཉེར་སྐྱོང་རྣམ་གྲངས་ལ་མཁོ་བའི་མ་དངུལ་གྱི་30%ལས་མི་དམའ་བ་དགོས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་ཁག་ཐེག་དངུལ་བུན་གཡར་རྒྱུའི་རེ་ཞུ་བྱེད་མཁན་ཁེ་ལས་ཀྱིས་ངེས་པར་དུ་བོད་དུ་ཐོ་འགོད་བྱེད་དགོས་པ་དང་། མི་གྲངས་100མན་གྱི་ཁེ་ལས་ལ་ཆ་མཚོན་ན་ལོ་དེར་གསར་དུ་བསྡུས་པའི་དངུལ་བུན་རེ་ཞུའི་ཆ་རྐྱེན་དང་མཐུན་པའི་མི་སྣ་ད་ཡོད་ཀྱི་ལས་མིའི་མི་གྲངས་ཀྱི་30%དགོས་པ་དང་ཆབས་ཅིག་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་ཡང་འཇོག་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།