འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།གནས་མཆོག་ལྷ་ས་རུ་བཀྲ་ཤིས་འཇའ་ཚོན་ཤར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གནས་མཆོག་ལྷ་ས་རུ་བཀྲ་ཤིས་འཇའ་ཚོན་ཤར་བ།
         མི་དམངས་དྲ་བའི་འཕྲིན།ཟླ་6ཚེས་26ཉིན་གྱི་་ཕྱི་དྲོ་ཆུ་ཚོད་3:30ཡས་མས་སུ་ལྷ་སའི་མཁའ་དབྱིངས་སུ"ཚོན་མདོག་སྣ་ལྔའི་འཇའ་ཚོན"ཤར་བ་རེད། གནམ་གཤིས་ཆེད་མཁས་པས་ལྷ་ས་རུ་ཉིན་ཤས་རིང་ལ་ཆར་ཆུ་འབབ་ཚད་ཅུང་མང་ཞིང་། ཆར་པ་འབབ་མཚམས་ཆད་མ་ཐག་པའི་སྐབས་འདིར་སྤྲིན་གསེབ་ཏུ་ཆུ་འདུས་ཚད་ཅུང་མང་བས། བཀྲ་ཤིས་འཇའ་ཚོན་ཤར་སླ་བ་ཡིན་སྐད། སྐར་མ་བཅུ་ཕྲག་ཁ་ཤས་ཀྱི་རིང་དུ"བཀྲ་ཤིས་འཇའ་ཚོན"དེ་ཚོན་མདོག་འདྲ་མིན་སྣ་ཚོགས་དང་། མཛེས་རིས་འདྲ་མིན་སྣ་མང་དུ་གྱུར་ནས་མི་རྣམས་ལ་རང་བྱུང་ཁམས་ཆེན་པོ་ནི་ཇི་འདྲའི་ངོ་མཚར་ཆེ་བ་དང་མཛེས་སྡུག་ལྡན་པ་ཡིན་པར་ཧ་ལས་སུ་བཅུག་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཚོན་མདོག་སྣ་ལྔའི་འཇའ་ཚོན་ནི་ཉི་མའི་འོད་ཟེར་ཏེ། མཁའ་དབྱིངས་ཀྱི་སྤྲིན་གསེབ་ཏུ་འཕྲོས་ཤིང་འོད་མདོག་ཐོར་བ་དང་ལྡོག་ཏུ་འཕྲོ་བ་ལས་བྱུང་བ་རེད། ཉི་མའི་འོད་ཟེར་ཆུ་ཐིག་སྟེང་འཕྲོས་པ་དང་ཆབས་ཅིག་ཟུར་མི་འདྲ་བ་ནས་འཕྲོས་པས། ཆུ་ཐིག་ནང་དུ་ཟུར་མི་འདྲ་བ་ནས་ལྡོག་ཏུ་འཕྲོ་བ་རེད། དེའི་ཁྲོད་ཀྱི་ཏུའུ་40ནས་42བར་གྱི་ལྡོག་འཕྲོ་ནི་འོད་ཆེ་ཤོས་ཡིན་ཞིང་། དེ་དག་ལས་ང་ཚོས་མཐོང་བའི་ཚོན་མདོག་སྣ་ལྔ་འདི་ཆགས་པ་རེད།
    ༄༅།།གནས་མཆོག་ལྷ་ས་རུ་བཀྲ་ཤིས་འཇའ་ཚོན་ཤར་བ།
    ༄༅།།གནས་མཆོག་ལྷ་ས་རུ་བཀྲ་ཤིས་འཇའ་ཚོན་ཤར་བ།
      

    ཕྱོགས་བསྡུས་གསར་འགྱུར།