འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མང་ཚོགས་འགྲན་བསྡུར་གྱི་
    མཐའ་བསྡུར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མང་ཚོགས་འགྲན་བསྡུར་གྱི་མཐའ་བསྡུར་དང་སྐབས་གསུམ་པའི་རྒྱལ་ཡོངས་རྒན་རྒོན་ལུས་རྩལ་ལུས་སྦྱོང་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་བྱེད་སྒོ་ཐེན་ཅིན་མི་དམངས་ལུས་རྩལ་ཁང་དུ་སྤེལ་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་ནས་སླེབས་པའི་མང་ཚོགས་ཀྱི་ལུས་རྩལ་པའི་འཐུས་མི་དང་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཐེན་ཅིན་བ་ཁྱོན་མི་2000ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།
        མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཁ་སྣོན་བརྒྱབ་པ་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྒྱུར་བཅོས་གསར་གཏོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཀྱང་རེད། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་སྤྱི་དམངས་ཞུགས་ཐུབ་པ་དང་ལུས་རྩལ་གྱི་ངོ་བོ་མངོན་པར་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཆུ་ཚད་མཐོ་ཤོས་ཀྱི་རྩལ་འགྲན་འགྲན་བསྡུར་ལ་ཞུགས་ནས་ལུས་རྩལ་གྱི་སྤྲོ་སྣང་ཚོར་ཐུབ་པ་མ་ཟད། ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཀྱང་བྱེད་ཆེད་རེད།
        སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཆེ་གྲས་19དང་རྣམ་གྲངས་ཆུང་གྲས་126བཀོད་སྒྲིག་བྱས་པའི་ནང་མ་ལ་སུང་རྒྱང་རྒྱུགས་འགྲན་བསྡུར་དང་། ཤུད་འཁོར། གྲུ་ཤན་འབྲུག་མགོ་མ། ཐའེ་ཅི་དྲག་རྩལ། བྲག་འཛེག་སོགས་ལོ་ཚད་སྣ་ཚོགས་དང་ལས་རིགས་ཁག་གི་མི་སྣའི་དགའ་སྣང་གི་རྩལ་འགྲན་རྣམ་གྲངས་ཚུད་ཡོད། མིག་སྔར་མ་ལ་སུང་རྒྱང་རྒྱུགས་འགྲན་བསྡུར་བྱས་ཟིན་པ་དང་ད་དུང་མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་15ཟླ་7ཚེས་3ཉིན་ནས་ཟླ་9ཚེས་4ཉིན་བར་ཐེན་ཅིན་དུ་གཉེར་རྒྱུའི་ནང་རྣམ་གྲངས་13ཟླ་འདིའི་ཚེས་3ཉིན་ནས་15ཉིན་བར་གཅིག་སྡུད་གཉེར་རྒྱུ་དང་དེ་འཕྲོས་ཀྱི་འགྲན་བསྡུར་རྣམ་གྲངས་3ནན་ཅིང་གྲོང་ཁྱེར་དང་། ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར། ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོའོ་ཆུས་སུ་གཉེར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།