འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཁྲིམས་དཔོན་གྱིས་ཀྲུང་གོའི་འཚམས་འདྲིའི་མཁས་པ་བཙན་ཁྲིད་བྱེད་མཁན་དོགས་
    ཡོད་ཉེས་ཅན་ཁག་ཐེག་བཙུགས་ཏེ་གློད་འགྲོལ་ཞུས་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་3ཉིན། ཨ་རིའི་དབྱི་ལི་ནུའོ་དབྱི་མངའ་སྡེ་དབུས་རྒྱུད་ས་ཁུལ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁྲིམས་ཁང་གིས་ཀྲུང་གོའི་འཚམས་འདྲི་མཁས་པ་ཀྲང་ཡིང་ཡིང་བཙན་ཁྲིད་བྱེད་མཁན་དོགས་ཡོད་ཉེས་ཅན་པུའུ་ལུན་ཐེ•A•ཁེ་ལི་སི་ཐེང་སེན་ཁག་ཐེག་བཙུགས་ནས་བཙོན་གྲོལ་ཞུས་མི་ཆོག་ཅིང་།  ཐེངས་རྗེས་མའི་ཁྲིམས་སར་འདྲི་གཅོད་མ་བྱས་བར་དུ་མུ་མཐུད་ནས་བཀག་སྐྱིལ་བྱ་དགོས་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         གཏན་འབེབས་འདི་ནི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གི་ཁྲིམས་དཔོན་ཨའེ་ལི་ཁེ•ལང་གིས་ས་གནས་དེ་གའི་དུས་ཚོད་ཉིན་དེའི་སྔ་དྲོར་ཆུ་ཚོད་10ཡས་མས་སུ་འཚོགས་པའི་ཁེ་ལི་སི་ཐེང་སེན་ལ་དམིགས་པའི་ཁྲིམས་སར་ཕྱོགས་ཁག་གི་ཞུ་དོན་ཉན་སྐབས་སུ་བྱས་པ་རེད། ཉིན་དེར་ཕྱོགས་ཁག་གི་ཞུ་དོན་ཉན་སྐབས་སྐར་མ་9མ་གཏོགས་རྒྱུན་མཐུད་བྱས་མེད་ཅིང་། ཁེ་ལི་སི་ཐེང་སེན་གྱིས་ཐོག་མཐའ་བར་གསུམ་དུ་ཁ་མ་གྲགས་པ་རེད།
         ཁྲིམས་དཔོན་གྱིས་གཏན་འབེབས་བྱས་པར་གཞིགས་ན། ཁེ་ལི་སི་ཐེང་སེན་ལ་དམིགས་པའི་ཐེངས་རྗེས་མའི་ཕྱོགས་ཁག་གི་ཞུ་དོན་ཉན་པ་ནི་ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པའི་ཐོག་བྱ་རྒྱུ་རེད།
         ཨ་རིའི་ས་ཁུལ་ཞིབ་དཔྱོད་དཔོན་གཞུང་ལས་ཁང་གི་མགྲིན་ཚབ་པ་ཧྲ་ལུན་•པའོ་ལུའོ་ཡིས་ཕྱོགས་ཁག་གི་ཞུ་དོན་ཉན་མཇུག་བསྒྲིལ་རྗེས་སུ་སྨྱན་སྦྱོར་ལས་ཁུངས་ལ་གལ་ཏེ་ཁེ་ལི་སི་ཐེང་སེན་གྱིས་མཐའ་མཇུག་ཏུ་བཙན་ཁྲིད་བྱས་པའི་ནག་ཉེས་བསགས་པ་ཡིན་ན། ཁོ་ནི་ཚེ་བཙོན་གྱི་ཉེས་ཆད་འཁེལ་རྒྱུ་རེད་བསྟན་པ་རེད།
         ཟླ་6ཚེས་30ཉིན་ཨ་རི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་ཉིན་དེའི་དགོང་མོར་མི་རྒྱུད་དཀར་པོའི་སྐྱེས་པ་པུའུ་ལུན་ཐེ་•A•ཁེ་ལི་སི་ཐེང་སེན་འཛིན་བཟུང་བྱས་ཏེ་ཁོ་ལ་ཀྲུང་གོའི་འཚམས་འདྲིའི་མཁས་པ་ཀྲང་ཡིང་ཡིང་བཙན་ཁྲིད་བྱས་པའི་དོགས་གཞི་ཡོད་པའི་ཉེས་བགྲང་ཞུ་གཏུག་བྱས་་པ་རེད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་དོགས་ཡོད་ཉེས་ཅན་ལ་འདྲི་རྩད་བྱས་པའི་ཟིན་ཐོ་དང་དེ་བཞིན་འཚོལ་སྡུད་བྱས་པའི་འབྲེལ་ཡོད་ཁུངས་སྣེ་ལ་གཞིགས་ན། ཀྲང་ཡིང་ཡིང་གྲོངས་ཚར་བར་ཡིད་ཆེས་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།