འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཉལ་ཁྲི་ཡོད་པའི་ཤུགས་འགྲེམས་མེ་འཁོར་དཔེ་གསར་གཉེར་སྐྱོང་བྱེད་འགོ་
    ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རང་རྒྱལ་གྱི་ཉལ་ཁྲི་ཡོད་པའི་ཤུགས་འགྲེམས་མེ་འཁོར་དཔེ་གསར་གཉེར་སྐྱོང་བྱེད་འགོ་
ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན། གསར་འགོད་པར་ཀྲུང་གོ་འཁོར་རིགས་ཆིང་ཏའོ་ཕྱོགས་བཞི་མེ་འཁོར་ཨ་མ་དང་འཁོར་རིགས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཤུགས་འགྲེམས་མེ་འཁོར་ཁོངས་གཏོགས་ནང་ཁོངས་མི་གསར་པ་ཞིག་བསྣན་པ་སྟེ། ཟླ་7ཚེས་1ཉིན་གྱི་ཆུ་ཚོད་21དང་སྐར་མ་16ཐོག་མེ་འཁོར་D311པེ་ཅིང་བབས་ཚུགས་ལྷོ་མ་ནས་ཐོན་ཏེ་དུས་ཐོག་ཏུ་ཧྲང་ཧའེ་བབས་ཚུགས་ཕྱོགས་སུ་ཐོན་པ་དང་བསྟུན་ནས་རང་རྒྱལ་གྱི་ཉལ་ཁྲི་ཡོད་པའི་ཤུགས་འགྲེམས་མེ་འཁོར་དཔེ་གསར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉལ་ཁྲི་ཡོད་པའི་ཤུགས་འགྲེམས་མེ་འཁོར་དེ་ཇུས་འགོད་གསར་རྐྱང་བྱས་པ་ཞིག་ཡིན་པས་འགྲུལ་པའི་ཉལ་ས་རེ་རེ་ནི“ཟུར་ཁང”རེ་རེ་ཡིན་པ་དང་ཤུགས་འགྲེམས་མེ་འཁོར་ནང་སྡོད་མཁན་འགྲུལ་པ་ཚོར་སྐྱིད་སྣང་དོད་པའི་ཚོར་སྣང་ཞིག་སྦྱིན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།