འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།"སྐྱེད་མའི་བཅའ་ཁྲིམས་མཚན་སློབ"ཀྱིས་བཅའ་ཁྲིམས་ཁྱབ་གདལ་དང་ཁེ་དབང་སྲུང་
    སྐྱོང་ལ་རམ་འདེགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཀོང་ཁྲང་རྫོང་མི་དམངས་ཁྲིམས་ཁང་གིས་རྒྱ་ཆེའི་གྲོང་གསེབ་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པའི་བུད་མེད་ཁྲིམས་དཔོན་ཁག་གཅིག་སྒྲིག་འཛུགས་ཀྱིས“སྐྱེད་མའི་ཁྲིམས་ར”བཙུགས་ཏེ་ལས་ཀ་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་ནས་རྣམ་པ་སྣ་ཚོགས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་དང་། དྲིལ་བསྒྲགས། བློ་འདྲི་བཅས་ཀྱི་བྱེད་སྒོ་དང་དེ་བཞིན་གཉེན་སྒྲིག་དང་། ཁྱིམ་ཚང་། བུད་མེད་དང་བྱིས་པ་བཅས་དང་འབྲེལ་བའི་གྱོད་གཞིའི་ཞུ་གཏུག་གོང་གི་འདུམ་འགྲིག་དང་འདྲི་ཞིབ་ལས་དོན་སྤེལ་བས་རྒྱ་ཆེའི་བུད་མེད་དང་བྱིས་པས་བཅའ་ཁྲིམས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་རང་ངོས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་པ་མ་ཟད། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལའང་འགན་སྲུང་ཐུབ་ནས་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད།
         ཟླ་6ཚེས་30ཉིན་གྱི་དགོང་མོ། ཅང་ཤིས་ཀོང་ཁྲང་རྫོང་མི་དམངས་ཁྲིམས་ཁང“སྐྱེད་མའི་ཁྲིམས་ར”ཡི་བུད་མེད་ཁྲིམས་དཔོན་ཚོས་ལས་ཞོར་དུ་རྫོང་དེའི་གཞིས་སྲུང་སྐྱེད་མ་ཚོར་གསོན་ཉམས་དོད་པའི“བཅའ་ཁྲིམས་མཚན་སློབ”འཚོགས་པ་མ་ཟད། ཁོང་ཚོས་དོ་ཁུར་བྱེད་པའི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་རྒོལ་བ་དང་། གཉེན་སྒྲིག་བཅའ་ཁྲིམས། བཟའ་ཚང་ཐུན་མོང་གི་རྒྱུ་ནོར་སོགས་ཀྱི་བཅའ་ཁྲིམས་གནད་དོན་ཡང་གསལ་འགྲེལ་བྱས་པས་རྒྱ་ཆེའི་བུད་མེད་ཚོས་དགའ་བསུ་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།