འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་ཀྲུང་གུང་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་ཞིབ་འཇུག་ཁང་ཐོག་མ་
    བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན་རང་རྒྱལ་གྱི་ཀྲུང་གུང་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་ཞིབ་འཇུག་ཁང་ཐོག་མ་དེ་ཀྲུང་གོ་མི་དམངས་སློབ་ཆེན་དུ་བཙུགས་ཤིང་། རྒྱལ་ནང་གི་དངོས་ཚན་རང་བཞིན་གྱི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་ཞིབ་འཇུག་ཁང་ཐོག་མ་ཡིན་པའི་ཞིབ་འཇུག་ཁང་དེ་ནི་ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་བླང་བྱ་དང་འཚམ་པར་བྱས་ནས་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་ཚན་ཁག་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པའི་ཐད་སྤྱད་པའི་གསར་གཏོད་བྱ་ཐབས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་འཛམ་གླིང་གི་རྩེར་སོན་དང་རྒྱལ་ནང་གི་སྔོན་ཐོན་གཏོད་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཞིབ་འཇུག་གི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་ཞིབ་འཇུག་ལྟེ་གནས་དང་། རིག་གཞུང་སྤེལ་རེས་ལས་སྟེགས། རྩེར་སོན་རིག་མཛོད་གསར་གྲས་བཅས་གཏོད་ཆེད་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་1956ལོར་ཀྲུང་གུང་ཏང་གི་ལོ་རྒྱུས་ཆེད་ལས་བཙུགས་པ་དང་1958ལོར་ཀྲུང་གུང་ཏང་གི་ལོ་རྒྱུས་ཚན་ཁག་བཙུགས་པ་ནས་བཟུང་། ཏང་གི་ལོ་རྒྱུས་ཚན་ཁག་ཏུ་ཤུགས་རྐྱེན་ལྡན་པའི་མཁས་དབང་འབོར་ཆེན་ཐོན་པ་དང་ཆབས་ཅིག 1964ལོར་མཐོ་སློབ་ཏུ་ཏང་འཛུགས་སྐྱོང་གི་སློབ་དཔྱོད་ཁང་སྔ་ཤོས་དེ་བཙུགས་ཏེ་ཏང་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་ཞིབ་འཇུག་དང་སློབ་ཁྲིད་ལས་དོན་སྤེལ་འགོ་བཙུགས་ནས་རྒྱལ་ཁབ་ལ་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་སློབ་གསོ་དང་ཞིབ་འཇུག་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། 2013ལོའི་ཟླ་6པར་ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། ཀྲུང་དབྱང་གི་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་། ཀྲུང་དབྱང་རྩོམ་སྒྱུར་ཅུས། སྤྱི་ཚོགས་ཚན་རིག་ཁང་དེང་དུས་ཀྲུང་གོའི་ཞིབ་འཇུག་ཁང་སོགས་ཚན་པའི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག“ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ཁང”བཙུགས་པ་དེ་ནི་རྒྱལ་ནང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཁྱབ་ཁོངས་སུ་ཤེས་ལྡན་པ་གསོ་སྐྱོང་དང་རིགས་པའི་གཞུང་ལུགས་ཞིབ་འཇུག སྲིད་ཇུས་བློ་འདྲི་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་སྒྲིག་གཞི་ཐོག་མ་དེ་རེད། རྨང་གཞི་དེའི་ཐོག་དངོས་ཚན་རང་བཞིན་གྱི་ཀྲུང་གུང་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་ཞིབ་འཇུག་ཁང་དངོས་སུ་བཙུགས་པ་དང་། ཞིབ་འཇུག་ཁང་བཙུགས་རྗེས་ཏང་འཛུགས་སྐྱོང་གི་རིམ་པ་གཉིས་པའི་ཚན་ཁག་སྐྲུན་འགོ་བཙུགས་ནས་ཤེས་རམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་བསྡུ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།