འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཚྭ་མཚེའུ་ཡི་གློག་རྫས་རིམ་པའི་ཐཱན་སྐྱུར་ལིས་ཀྱི་བཟོ་རྩལ་ལག་རྩལ་ལ་ཚད་བརྒལ་
    ཆེན་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ཡིན་པའི“ལོར་ཐོན་ཚད་ཏུན་5000གི་གློག་རྫས་རིམ་པའི་ཐཱན་སྐྱུར་ལིས་ཀྱི་ཐོན་ལས་ཅན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག”ལ་ཚད་བརྒལ་ཆེན་པོ་བྱུང་ནས་ཚད་གཞི་ལོན་པའི་གློག་རྫས་རིམ་པའི་ཐཱན་སྐྱུར་ལིས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་ཆོག་པ་དེ་ཐོག་ནས་ཚྭ་མཚོ་དཀར་མོའི་ལིས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་སྒོར་དུང་ཕྱུར་སྟོང་ལོན་པའི་ལིས་གློག་རྫས་ཀྱི་ཐོན་ལས་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
          ཚྭ་འདམ་གཤོངས་སར་གནས་པའི་ཚྭ་མཚོ་དཀར་མོར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་5856ཡོད་པའི་ནང་ཕུན་སུམ་ཚོགས་པའི་ཅཱ་དང་། ནཱ། མཱེ། ལིས་སོགས་ཀྱི་ཐོན་ཁུངས་འདུས་ཡོད། དེའི་ནང་ཁིལ་འགྱུར་ཅཱ་འདུས་ཚད་ཏུན་དུང་ཕྱུར་5.4ཟིན་པ་དེ་རྒྱལ་ཡོངས་སུ་རྩད་ཆོད་པའི་འདུས་ཚད་ཀྱི་97%བཟུང་བ་དང་། ཁིལ་འགྱུར་མཱེ་དང་། ཁིལ་འགྱུར་ལིས། ཁིལ་འགྱུར་ནཱ་བཅས་འདུས་ཚད་ཏུན་དུང་ཕྱུར་16.5དང་། ཏུན་ཁྲི་1200ཡས་མས། ཏུན་དུང་ཕྱུར་426.2བཅས་སོ་སོར་ཟིན་པས་ཆ་སྙོམས་བཟུང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
          རྣམ་གྲངས་ལག་བསྟར་བྱས་ཚུན། སྔོན་ཐོན་ལག་རྩལ་རབ་དང་རིམ་པ་མུ་མཐུད་དང་བརྟན་པོའི་ངང་སྤྱད་པས་ཁེ་ལས་ལ་2016ལོར་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་3བྱུང་བ་དང་ཁེ་སྤོགས་སྒོར་དུང་ཕྱུར་1.3བྱུང་ཡོད། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་སྒྲིག་འཛུགས་བྱས་པའི་ཞིབ་དཔྱད་རིགས་གཅིག་མཁས་ཅན་གྱིས་འབྲེལ་ཡོད་ཀྱི་ལག་རྩལ་གྲུབ་འབྲས་དེ་དག་མཱེ་མཐོ་སྒྱུར་དེ་ཚྭ་མཚེའུ་ནས་ལིས་བརྩོ་སྦྱང་བྱེད་པའི་བཟོ་རྩལ་གྱི་འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་བས། ཚྭ་མཚེའུ་ལིས་ཐོན་ཁུངས་གསར་སྤེལ་ལ་རག་ལས་པའི་རང་བཞིན་གྱི་དོན་སྙིང་ལྡན་པ་མ་ཟད། འབྱུང་འགྱུར་མཚོ་སྔོན་གྱིས་སྤུས་ཚད་དེ་བས་མཐོ་བའི་ཐཱན་སྐྱུར་ལིས་ཐོན་རྫས་དང་དེ་བཞིན་ལིས་ཀྱི་དེ་མིན་ཐོན་རྫས་ཐོན་སྐྱེད་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།