འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཞིབ་བཤེར་ར་སྤྲོད་ཀྱི་གློག་རྡུལ་སྙན་ཞུ་ལམ་ལུགས་ཁྱབ་གདལ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ར་སྤྲོད་ཁས་ལེན་ལྟ་སྐུལ་དོ་དམ་ཨུ་ལྷན་ཆ་འཕྲིན་ལྟེ་གནས་ཀྱིས་ཧྲང་ཧའེ་རྒྱལ་མཚམས་འགྲོ་འོང་ཞིབ་བཤེར་ནད་བཤེར་ཅུས་དང་མཉམ་དུ་ཚེས་22ཉིན་ཧྲང་ཧའེ་ནས། རང་རྒྱལ་གྱིས་འདི་ལོ་ནས་བཟུང་ཞིབ་བཤེར་ར་སྤྲོད་ཀྱི་གློག་རྡུལ་སྙན་ཞུ་ལམ་ལུགས་རིམ་བཞིན་ཁྱབ་གདལ་བཏང་བ་བརྒྱུད་སྒྲིག་སྲོལ་གྱི་ཐོག་ནས་ཞིབ་བཤེར་ར་སྤྲོད་ལས་རིགས་སུ་ལྷགས་པའི་ཤོག་རིགས་སྙན་ཞུ་དང་ལག་ཁྱེར་རྫུས་མ་བཟོ་བའི་སྣང་ཚུལ་རྩ་བ་ནས་མེད་པར་བཟོས་སྟེ། ཕྱོགས་གསུམ་པའི་ཞིབ་བཤེར་ར་སྤྲོད་སྒྲིག་གཞིར་ཀུན་གྱི་ཡིད་ཆེས་ཐོབ་ཚད་མཐོ་རུ་དང་ཐོན་ཁུངས་གྲོན་ཆུང་བྱ་རྒྱུའི་སྣེ་ཁྲིད་བྱས་ཏེ་ཕྱིར་གཏོང་ནང་འདྲེན་ཁེ་ལས་ཀྱི་འགག་སྒོ་སྒྲོལ་བའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
           རྒྱལ་ཁབ་ར་སྤྲོད་ཁས་ལེན་ལྟ་སྐུལ་དོ་དམ་ཨུ་ལྷན་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཕང་ཤང་གིས། གློག་རྡུལ་ཞིབ་བཤེར་སྙན་ཞུ་དང་ར་སྤྲོད་ལག་ཁྱེར་ལ་གསང་སྡོམ་རང་བཞིན་དང་། སྟབས་བདེ་རང་བཞིན། འཁོར་རྒྱུག་རང་བཞིན་བཅས་ཡག་པོ་ཡོད་པ་དང་ཆབས་ཅིག་མ་གནས་དམའ་ཞིང་ཁུངས་འདེད་ཆོག་པ་སོགས་ཀྱི་ཁྱད་ཆོས་ཀྱང་ལྡན་པ་དང་། དེས་མ་ཟད་གློག་རྡུལ་སྒྲིག་ཆས་དང་གློག་རྡུལ་གཞི་རྟེན་སྣ་ཚོགས་ཐོག་ནས་བདེན་མིན་ར་སྤྲོད་ཀྱང་བྱེད་ཐུབ་པས་ཞིབ་བཤེར་ར་སྤྲོད་ཀྱི་ཕན་འབྲས་ཆེ་རུ་དང་ཡིད་རྟོན་རུང་ཚད་མཐོ་རུ་ཤུགས་ཆེར་གཏོང་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།
          “ར་སྤྲོད་ཁས་ལེན་དང་ཞིབ་བཤེར་ཚད་ལེན་ལས་རིགས་ཀྱི་ངོ་བོའི་རང་བཞིན་ནི་ཡིད་ཆེས་བརྒྱུད་སྤེལ་བྱ་རྒྱུ་ཡིན་ལ། ཞིབ་བཤེར་ར་སྤྲོད་ཀྱི་གློག་རྡུལ་སྙན་ཞུ་ལམ་ལུགས་ཁྱབ་གདལ་གཏོང་བའི་དམིགས་ཚད་གལ་ཆེན་ཞིག་ནི་རྫུས་མ་བཟོ་བའི་སྣང་ཚུལ་རྩ་བ་ནས་མེད་པར་བཟོས་ཏེ་ཞིབ་བཤེར་ར་སྤྲོད་ལས་རིགས་ལ་དར་སྲོལ་གསར་པ་ཆགས་སུ་འཇུག་རྒྱུ་དེ་ཡིན”ཞེས་ཕང་ཤང་གིས་བརྗོད།
           ཚོད་རྩིས་བྱས་པ་ལྟར་ན། རྒྱལ་ཡོངས་སུ་ལོ་རེར་ཆ་སྙོམས་ཤོག་ལྷེ་(A4)4དང་མ་གནས་སྒོར་15ཙམ་ཟིན་པའི་ཞིབ་བཤེར་ར་སྤྲོད་སྙན་ཞུ་དུང་ཕྱུར་3ཙམ་འདོན་དགོས། གལ་སྲིད་ཤོག་རིགས་སྙན་ཞུའི་ཚབ་ཏུ་གློག་རྡུལ་སྙན་ཞུ་སྤྱད་པ་ཡིན་ན་ལོ་རེར་མ་གནས་སྒོར་དུང་ཕྱུར་40ཙམ་གྲོན་ཆུང་བྱེད་ཐུབ་པ་མ་ཟད་ད་དུང་ཤིང་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1.57ཙམ་གྱི་ཤོག་བུ་ཏུན་5250གྲོན་ཆུང་ཐུབ་ནས་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་1.2ཉུང་དུ་གཏོང་ཐུབ། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཁོར་ཡུག་ཕན་འབྲས་གཏོད་པ་དང་ཆབས་ཅིག་ཁེ་ལས་ཁག་གིས་དོ་དམ་ཆུ་ཚད་མཐོ་རུ་དང་སྤུས་རྟགས་ཤུགས་རྐྱེན་ཆེ་རུ་གཏོང་ཐད་ཀྱང་ཕན་པ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།