འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་ཡོངས་ཀྱི་ཅུན་རིམ་པ་ཡན་གྱི་ཚན་པའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཞི་རིམ་
    སྤྱོད་ཚུལ་ལྟ་ཞིབ་འབྲེལ་གཏུག་གནས་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་བ་དྲུག་པའི་ཟླ་སྟོད་བར་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཅུན་རིམ་པ་ཡན་གྱི་ཚན་པའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལུའེ་ཐོན་རིམ་པའི་ཚན་པར་གཞི་རིམ་གྱི་སྤྱོད་ཚུལ་ལྟ་ཞིབ་འབྲེལ་གཏུག་གནས་བཙུགས་པ་རེད། དཔོན་དམག་ཁྲོད་ཀྱི“རུལ་སུངས་ཙག་ཙིག”དང་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་བྱ་རྒྱུ་དེ་ནི་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་པོའི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་བྱེད་ཐབས་ཤིག་རེད།
            དམག་ཨུད་འགོ་ཁྲིད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཟླ་བ་བཞི་པའི་ཟླ་དཀྱིལ་དུ་དམག་ཨུད་སྒྲིག་ཨུད་ཀྱིས་འབྲེལ་གཏུག་གནས་ཀྱི་ལམ་ལུགས་འཛུགས་རྒྱུ་བཀོད་སྒྲིག་བྱས་ཤིང་། “མཚོན་བྱེད་རང་བཞིན་མངོན་པ་དང་ཁྱོན་ཡོངས་ལ་ཁྱབ་རྒྱུར་བསམ་བློ་གཏོང་བ”སོགས་ཀྱི་རྩ་དོན་གཞིར་བཟུང་ཅུན་རིམ་པ་ཡན་གྱི་ཚན་པ་280ཙམ་གྱི་སྒྲིག་ཨུད་དང་སྒྲིག་བཤེར་སྡེ་ཚན་དང་སྐོར་གཟིགས་ལས་དོན་གཞུང་ལས་ཁང་གིས་ལུའེ་ཐོན་རིམ་པའི་ཚན་པར་གཞི་རིམ་སྤྱོད་ཚུལ་ལྟ་ཞིབ་འབྲེལ་གཏུག་གནས་387བཙུགས་པ་དེ་དམག་འཐབ་དཔུང་སྡེ་དང་། སློབ་ཁྲིད་ཚན་ཞིབ་སྒྲིག་གཞི། ཞིང་ཆེན་དམག་ཁུལ་ཁོངས་གཏོགས། ཞབས་ཞུ་འགན་ལེན་ཚན་པ་སོགས་སུ་ཁྱབ་ཡོད། སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་310ལྷག་ཙམ་གྱི་འབྲེལ་གཏུག་ཚན་པ་བཀོད་སྒྲིག་ཁ་གསལ་བྱས་ཡོད། སྐམ་དམག་དང་། མེ་ཤུགས་འཕུར་མདའི་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱིས་གཏན་འཁེལ་བྱས་པའི་འབྲེལ་གཏུག་གནས་ཀྱི་ནང་ས་མཐོའི་མཚོ་གླིང་སོགས་མཐའ་མཚམས་ཐག་རིང་དཀའ་ཚེགས་ས་ཁུལ་ཚན་པས་བསྡུར་ཚད་མང་བ་བཟུང་ཡོད། འབྲེལ་གཏུག་གནས་ཁག་གིས་དཔོན་དམག་ཚོར་སྒྲིག་ཨུད་ཀྱི་འགོ་ཁྲིད་དང་ལས་ཁུངས་ཀྱི་འབྲེལ་གཏུག་ཁ་པར་དང་སྦྲག་སྒམ་ཁྱབ་བསྒྲགས་བྱས་པ་དང་གཞི་རིམ་གྱི་སྤྱོད་ཚུལ་ལྟ་སྐུལ་པ་18900ཙམ་བདམས་ཡོད། “དུས་ངེས་མེད་དང་བརྡ་མི་གཏོང་བ”དང“ཡུལ་དངོས་སུ་ཐད་ཀར་བསྐྱོད་པ་དང་གཞི་རིམ་དུ་ཐད་ཀར་བསྐྱོད་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ་ལས་བྱེད་པ་འདེམས་སྤྱོད་དང་། དམག་མི་བསྡུ་བ། ཧྲེ་ཀོན་དམག་མི་འདེམས་པ། ནང་སྦྱོང་དཔྱད་ཞིབ་སོགས་ཚོར་རྐྱེན་དུས་མཚམས་མངོན་པ་བྱས་པ་དང་རྒྱུན་རྣམ་ཅན་གྱི་ཞིབ་བཤེར་དང་། སྟབས་བསྟུན་སྐོར་བཤེར། རྗེས་བསྙེག་ལྟ་ཞིབ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་པའི་ཐོག་དུས་ཚིགས་རེར་ཉུང་མཐར་ཡང་འབྲེལ་གཏུག་གནས་ལ་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་ཐེངས་གཅིག་བྱས་ཡོད། ཟླ་བ་ལྔ་པ་ཤར་ཚུན་དམག་ཡོངས་ཀྱི་སྒྲིག་བཤེར་ལས་བྱེད་པ་མི་ཐེངས་1800ལྷག་ཙམ་གཞི་རིམ་དུ་བསྐྱོད་དེ་གནས་ཚུལ་བརྟག་དཔྱད་བྱས་པ་དང་ལེན་ཏུའེ་ཡི་དཔོན་དམག་མི་ཐེངས་ཁྲི་4.1ལྷག་ཙམ་དང་ཐད་ཀར་འབྲེལ་གཏུག་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།